དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧྥུའུ་ཅན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-15

     ཚེས་11དང་12ཉིན། ཧྥུའུ་ཅན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་དང་བཞུགས་མོལ་གནང་བ་རེད། ཚེས་11ཉིན་གྱི་ཕྱི་དྲོར། བོད་ལྗོངས་དང་ཧྥུའུ་ཅན་གྱི་ཁ་གཏད་རོགས་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་ཆབ་མདོར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད། ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཀྲའོ་ལུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ཧྥུའུ་ཅན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཧྥུའུ་ཅན་ཞིང་ཆེན་གྱིས་དུས་ཡུན་རིང་པོར་བོད་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཧྥུའུ་ཅན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་ཡུལ་དང་ལག་ལེན་གྱི་རྟེན་གཞི་གལ་ཆེན་ཡིན།

    ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་གྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་བོད་ཀྱི་མང་ཚོགས་སེམས་སུ་བཞག་ནས་འབད་བརྩོན་ཆེན་པོས་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ཧྥུའུ་ཅན་གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། བོད་དང་ཧྥུའུ་ཅན་ས་གནས་གཉིས་དབར་ལེ་དབར་སྟོང་གིས་ཆོད་ཀྱང་ཐོག་མཐའ་བར་གསུམ་དུ་ཤ་རུས་གཅིག་འདྲེས་དང་གཅིག་སེམས་གཅིག་གཏད་ཡིན། ཕྱོགས་གཉིས་པོས་མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་རྒྱུན་མཐུན་འགན་ལེན་དང་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས་མཉམ་ལས་སྤེལ་རེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཕན་འབྲས་དེ་བས་མང་བ་ཐོབ་པར་བྱས་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”དུས་རབས་ཀྱི་ལེའུ་གསར་མཉམ་དུ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཀྲའོ་ལུང་གིས་ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་། དེ་བཞིན་ཧྲུའུ་ཅི་ཀྲོའུ་ཙུའུ་དབྱི་ཡི་ཚབ་ཞུས་ནས་བོད་ཀྱིས་དུས་ཡུན་རིང་པོར་ཧྥུའུ་ཅན་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་སེམས་གངས་ལྗོངས་ས་མཐོར་བཅངས་པ་དང་བརྩེ་བ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་ནས་ཧྥུའུ་ཅན་དུ་ལས་དོན་སྒྲུབ་རིང་ཁོང་སྐུ་ངོ་མས་ཁ་གཏད་རོགས་སྐྱོར་གྱི་འཆར་གཞི་བཀོད་གནང་བ་མ་ཟད། སྐུ་ངོ་མས་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པའི་སྣེ་ཁྲིད་ནས་འདུ་ཤེས་གལ་ཆེན་དང་ལག་ལེན་གལ་ཆེན་རབ་དང་རིམ་པ་གསར་གཏོད་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱིས་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་ཞིག་སྤོ་རྒྱུར་སྐུལ་འདེད་བཏང་བའི་གྲུབ་འབྲས་ལ་ང་ཚོས་སེམས་གཏིང་ནས་ཡིད་སྨོན་སྐྱེ་དགོས་པ་ཞིག་ཡོད།

    ཁ་གཏད་བོད་སྐྱོར་གྱི་ལོ་ངོ་30ཡི་རིང་། ཧྥུའུ་ཅན་དང་བོད་ས་གནས་གཉིས་དབར་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ནས་རི་ཆུའི་བརྩེ་བ་ཟབ་ཏུ་ཕྱིན་པ་མ་ཟད། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད། ཧྥུའུ་ཅན་གྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་གནད་སྨིན་བོད་སྐྱོར་དང་། བརྒྱུད་རིམ་ལྡན་པའི་བོད་སྐྱོར། ཡུན་རིང་བོད་སྐྱོར་བཅས་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་དགོས་མཁོར་གཞི་ཚུགས་པ་དང་། བོད་ཀྱི་ཁྱད་ཆོས་ཤེས་རྟོགས། ཧྥུའུ་ཅན་གྱི་ནུས་པ་དང་ཟུང་འབྲེལ་བཅས་བྱས་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་གྱི་སྤེལ་རེས་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་དང་གྲུབ་འབྲས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཡོད་ཅེས་གསུངས་པ་རེད།

    བོད་དུ་བཞུགས་རིང་། ཧྥུའུ་ཅན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་ད་དུང་ཐོན་ལས་དང་། སློབ་གསོ། སྨན་བཅོས་བཅས་བོད་སྐྱོར་དང་། དེ་བཞིན་རིག་དངོས་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་མ་ཟད། བོད་སྐྱོར་ལས་བྱེད་ཤེས་ལྡན་པར་གཟིགས་པ་དང་འཚམས་འདྲིའང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།