དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རྒྱལ་ཡོངས་ཀྱི་མཉམ་སྤྱོད་ལས་སྟེགས་ཀྱིས་རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་དངུལ་རྩའི་གསོན་ཤུགས་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-15

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི“རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་འཁོར་རྒྱུག་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ཀྱི”དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་ལྷ་སར་འཚོགས་པ་རེད།

    “རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་འཁོར་རྒྱུག་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས”དེ་2024ལོའི་ཟླ་10ཚེས་25ཉིན་དྲ་ཐོག་ནས་ཚོད་ལྟ་བྱས་ཚུན། གཞུང་ཁོངས་དངུལ་ཁང་དང་མ་རྐང་ལམ་ལུགས་ཀྱི་དངུལ་ཁང་11བོད་ཀྱི་ཡན་ལག་དང་ཉིང་ལག་སྒྲིག་གཞིར་རྒྱལ་ཡོངས་ཀྱི་ཚོད་ལྟའི་ལས་དོན་ཁག་དང་པོའི་ནང་ཞུགས་པ་དང་། མཉམ་སྤྱོད་ལས་སྟེགས་ཀྱིས་ཁེ་ལས་ཀྱི་གཏོང་ཡོང་རྩིས་ཐོ་བསྡུ་སྒྲིལ་བྱས་པ་བརྒྱུད། ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་དེ་བས་ཁ་གསལ་དང་ཕྱོགས་ཡོངས་ནས་དངུལ་ཁང་ལ་སྟོན་གྱི་ཡོད། ད་ལོའི་ཟླ་6ཚེས་15ཉིན་བར། ཚོད་ལྟའི་ལས་དོན་ནང་ཞུགས་པའི་དངུལ་ཁང་གིས་རིམ་རྩིས་བརྒྱབ་ན་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་378འདྲི་རྩད་བྱས་པ་དང་། མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་ལ་བརྟེན་ནས་མ་དངུལ་བསྡུ་སྒྲིལ་ཐེངས་35དང་དངུལ་འབོར་སྒོར་དུང་ཕྱུར་6.15ཟིན་པར་སྐུལ་འདེད་བཏང་ཡོད། ཟླ་5པའི་ཟླ་མཇུག་བར་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལས་སྟེགས་དེ་བརྒྱུད་ཁེ་ལས་འབྲིང་ཆུང་ཕྲན་གསུམ་10ལ་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཡིག་ཚགས་བཟོས་ནས་མ་དངུལ་བསྡུ་སྒྲིལ་ཐེངས་8དང་དངུལ་འབོར་སྒོར་ཁྲི་5036ཟིན་པར་སྐུལ་འདེད་བཏང་ཡོད།

    “ཁེ་ལས་ཀྱིས་དངུལ་ཁང་ལ་སྒྲིག་གཞི་ལས་བརྒལ་བའི་མ་དངུལ་འཁོར་རྒྱུག་ལ་འདྲི་རྩད་བྱེད་པའི་དབང་ཆ་སྤྲད་པ་བརྒྱུད། ཉིན་4ཙམ་ནང་ཡིད་རྟོན་དངུལ་བུན་རག་བྱུང་བས་མ་དངུལ་འཁོར་རྒྱུག་གི་གནོན་ཤུགས་ཆུང་དུ་ཕྱིན་སོང”ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས“རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་འཁོར་རྒྱུག་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས”དང་སྦྲེལ་མཐུད་བྱེད་མཁན་གྱི་ཚོད་ལྟའི་དངུལ་ཁང་ཁག་དང་པོ་ཡིན་པའི་ངོས་ནས། མིག་སྔར་དངུལ་ཁང་དེའི་ཡིད་རྟོན་དངུལ་བུན་མ་ལག་དེ་མཉམ་སྤྱོད་ལས་སྟེགས་དང་འབྲེལ་མཐུད་ཐུབ་པ་མ་ཟད། དེའི་རྨང་གཞིའི་ཐོག“བསམ་འདུན་ལྟར་གཟིགས་སྐྱོང་ཐོབ། འཁོར་རྒྱུག་དངུལ་བུན་རག་པར་བྱེད”སོགས་མཇུག་རྩིས་ཡིད་རྟོན་བརྡར་གཅོད་ཀྱི་ཐབས་ཇུས་གཙོ་བོར་བརྩི་བའི་ཐོན་རྫས་ཀྱང་བཏོན་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།