དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་དུས་ཐེངས་གཉིས་པའི་ཐོན་སྐྱེད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-15

    ཉིན་ཤས་གོང་། བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་དུས་ཐེངས་གཉིས་པའི་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་འཚོགས་པ་རེད།

    ཀུང་སི་དེའི་འབྲེལ་ཡོད་འགན་འཁུར་བས། དུས་ཐེངས་གཉིས་པའི་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལྷོ་ཁ་གྲོང་ཁྱེར་དུ་གནས་པའི་དེང་རབས་ཅན་གྱི་བྱ་གསོ་ར་བས་ཉིན་རེར་སྒོ་ང་ཁྲི་150ལྷག་ཙམ་ཐོན་སྐྱེད་ཐུབ་པས་བོད་ཀྱི་བྱ་སྒོང་ཁྲོམ་རའི་མཁོ་སྤྲོད་དེ་བས་ལེགས་པའི་སྒོ་ནས་འགན་ལེན་ཐུབ་རྒྱུ་མ་ཟད། ཀུང་སིས་ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུར་སྐྱོད་བཞིན་ཡོད་པའང་མཚོན་ཡོད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་ཧུའུ་པེ་ཞིང་ཆེན་གྱི་ཐོན་ལས་བོད་སྐྱོར་རྣམ་གྲངས་གཙོ་བོ་ཞིག་ཡིན་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་5བཏང་ནས་གསོ་སྤེལ་གཞི་ཁྱོན་བྱ་དེ་ཁྲི་200ཟིན་པའི་དེང་རབས་ཅན་གྱི་བྱ་གསོ་ར་བ་བསྐྲུན་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། 2020ལོར་ཀུང་སི་བསྐྲུན་འགོ་ཚུཌ་ཚུན་དུས་ཐེངས་དང་པོར་བྱ་དེ་ཁྲི་101གསོ་སྤེལ་བྱས་པ་དང་ཉིན་རེར་སྒོ་ང་ཁྲི་80ཙམ་ཟིན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་བཟོ་གྲྭ་བཙུགས་པ་ནས་ད་བར་བོད་ལྗོངས་ཧུང་ནུང་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་ནས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད། བྱ་གསོ་ར་བས་སྔ་རྗེས་སུ་མང་ཚོགས་1000ཙམ་འཛུགས་སྐྲུན་རྣམ་གྲངས་ནང་ཞུགས་སུ་བཅུག་པ་དང་། རིམ་རྩིས་བརྒྱབ་ན་ས་གནས་མང་ཚོགས་ལ་གླ་ཆ་དང་འཕྲུལ་ཆས་གླས་པའི་དངུལ་སྒོར་ཁྲི་8700སྤྲད་པ་མ་ཟད། ས་གནས་མང་ཚོགས་142ལས་ཞུགས་བཀོད་སྒྲིག་བྱས་ནས་ལོ་རེར་གླ་ཆ་སྒོར་ཁྲི་1000ཙམ་སྤྲོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།