དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་དབྱར་གསེང་རིང་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

    ཧྲེང་དབྱི་ཆིན་གྱིས་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-14

    ཉེ་ཆར། “ལོ་ཆུང་བྱིས་པའི་སེམས་པ་ཏང་ལ་ཕྱོགས། ལག་གདང་སྦྲེལ་ནས་མཉམ་དུ་འཚར་ལོངས་བྱེད”ཅེས་པའི་2025ལོའི་དབྱར་གསེང་རིང་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་བྱེད་སྒོ་པེ་ཅིང་དུ་སྤེལ་འགོ་ཚུགས་པ་རེད། རྒྱལ་དོན་ཨུ་ཡོན་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲེང་དབྱི་ཆིན་ཚོགས་འདུར་ཞུགས་ནས་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

    ཧྲེང་དབྱི་ཆིན་གྱིས་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། རྒྱ་ཆེའི་ལོ་ཆུང་བྱིས་པར་ཏང་གཅེས་རྒྱལ་གཅེས་དང་། སློབ་ལ་བརྩོན་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱེད་པར་སྣེ་ཁྲིད་བྱས་ནས། རྒྱལ་སྟོབས་འཕེལ་བར་ང་ཡིས་འབད་པའི་ཕུགས་འདུན་ཆེན་པོ་གཏོད་པ་དང་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་ལས་འགན་ལྕི་པོ་དཔའ་ངར་ཆེན་པོས་འཁུར་དགོས། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་འདུས་ནས་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་སྐྲུན་པ་དང་། དབྱར་གསེང་རིང་བྱིས་པར་གཅེས་སྐྱོང་གི་ཞབས་འདེགས་ཡག་པོ་ཞུ་བ། ཁོང་ཚོའི་བདེ་འཇགས་ལ་སྲུང་སྐྱོང་ཧུར་ཐག་བཅས་བྱས་ནས། བྱིས་པ་ཚོ་བདེ་ཐང་དང་། སྤྲོ་སྣང་། དོན་སྙིང་བཅས་ལྡན་པའི་གུང་གསེང་ཞིག་གཏོང་རྒྱུ་ཡོང་བར་བྱེད་དགོས། ཁོང་གིས་ད་དུང་ཚོགས་ཞུགས་ཚན་པའི་འགན་འཁུར་བློ་མཐུན་དང་མཉམ་དུ་རྒྱལ་ཡོངས་ཀྱི་གཅེས་སེམས་ཨ་མའི་ས་ཚིགས་7000ལྷག་ཙམ་ལས་གྲུབ་པའི་གློག་རྡུལ་ས་བཀྲའི་གློག་སྤར་བ་དང་འབྲེལ། 《བརྩེ་སེམས་ལ་བརྟེན་ནས་བྱིས་པའི་ཚེ་སྲོག་བདེ་འཇགས་སྲུང་བའི་སློབ་གསོའི》འགྲེམས་སྟོན་ལ་ལྟ་སྐོར་ཡང་བྱས་པ་རེད།

    2025ལོའི་དབྱར་གསེང་རིང་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་བྱེད་སྒོ་དེ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པ་16གིས་མཉམ་དུ་བཀོད་སྒྲིག་བྱས་ནས་སྤེལ་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།