དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ནང་ཁུལ་གྱི་གནས་ཚུལ་ཤེས་མིའི་ཐེར་འདོན་མ་ལག་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-14

     ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་གསར་སྤེལ་བྱས་པའི་རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇཌ་ཀྱི་ནང་ཁུལ་གྱི་གནས་ཚུལ་ཤེས་མིའི་ཐེར་འདོན་མ་ལག་ཉིན་ཤས་གོང་དངོས་སུ་སྤྱོད་འགོ་ཚུཌ་ཡོད། མ་ལག་དེས་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཚན་པའི“ནང་ཁུལ་གྱི་སོ་ལྟ་བའི”ལམ་སྲོལ་སྤྱོད་རྒྱུར་དམིགས་ནས། ལས་གཉེར་བ་དང་འབྲེལ་ཡོད་མི་སྣས་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་ཁུངས་སྣེ་ཐེར་འདོན་བྱེད་པའི་ཐབས་ལམ་ཤར་གཏོང་བྱེད་པ་དང་། “རྒྱལ་ཡོངས་ཀྱི་12315ལས་སྟེཌ”དང་མཉམ་འགུལ་ཆགས་པར་བྱས་ཏེ“དམངས་ཡོངས་ཞུགས་པ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་པའི”བཟའ་བཅའི་བདེ་འཇགས་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།

    མ་ལག་དེས་མིང་ངོ་མ་དང་གསང་མིང་འགོད་པའི་ཐེར་འདོན་བྱེད་སྟངས་ལ་རྒྱབ་སྐྱོར་བྱས་ནས། ལག་རྩལ་དང་བྱ་ཐབས་བརྒྱུད་གནས་ཚུལ་ཤེས་མིའི་ཆ་འཕྲིན་སྲུང་སྐྱོང་ནན་པོ་བྱེད་པ་དང་འབྲེལ། “རྒྱལ་ཡོངས་ཀྱིས་གཅིག་གྱུར་བསྡུ་ལེན་དང་། ཨང་སྒྲིག ཆ་བགོས”བཅས་ཀྱི་གདུབ་ཟུམ་དོ་དམ་ལམ་སྲོལ་ལག་བསྟར་བྱེད་ཀྱི་ཡོད་པས། ཐེར་འདོན་བྱེད་མཁན་གྱིས་སྒྲུབ་གཉེར་འཕེལ་རིམ་ལ་དུས་ཐོག་ཏུ་རྗེས་སྙེག་བྱེད་ཐུབ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་དུས་བཀག་ལྟར་རྒྱལ་ཡོངས་ཀྱི་ཁུངས་སྣེའི་གྲངས་གཞིར་དབྱེ་ཞིབ་བྱས་ཏེ་ལྟ་འདོམས་སྡེ་ཚན་གྱིས་མགྱོཌ་མྱུར་དང་ལེན་དང་འབེན་གཏད་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

    མིག་སྔར་སྤྱི་དམངས་ཀྱིས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་ས་གནས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་མ་ལག་དེར་ཐོ་འགོད་བྱེད་ཆོག ཞིབ་དཔྱད་བྱས་རྗེས་ཐེར་འདོན་དྲང་བདེན་ཡིན་ཚེ་ལྟ་འདོམས་སྡེ་ཚན་གྱིས་གཏན་འབེབས་ལྟར་བྱ་དགའ་སྤྲོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།