དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་གིས་ཀྲུང་ཧྥེ་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱས་པ།

    ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ནི་རྩ་ཆེའི་རྒྱུ་ནོར་ཞིག་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-14

     ཟླ་3པར་ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་གི་2025ལོའི་ཨ་ཧྥེ་རི་ཁ་ལྷོ་རྒྱུད་ཀྱི་གཅེན་གཅུང་ཏང་དྲུག་གི་གཞོན་དར་ལས་བྱེད་པའི་བགྲོ་གླེང་འཛིན་གྲྭ་འཚོགས་ཤིང་། འདི་ནི་གཅེན་གཅུང་ཏང་དྲུག་གི་གཞོན་དར་ལས་བྱེད་པ་90ཞུགས་ནས་ཐུན་མོང་ཐོག་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་བྱེད་བཞིན་པ།

    འདི་ནི་ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་ཡིན་པ།

     འདི་ནི་ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་གི་ཡོན་ཀྲང་མཱ་སའེ་ལིན་ནཱ·ཆི་རི་ཅ་ཡིས་2025ལོའི་ཨ་ཧྥེ་རི་ཁ་ལྷོ་རྒྱུད་ཀྱི་གཅེན་གཅུང་ཏང་དྲུག་གི་གཞོན་དར་ལས་བྱེད་པའི་བགྲོ་གླེང་འཛིན་གྲྭར་གཏམ་བཤད་སྤེལ་བཞིན་པ།

     འདི་ནི་2024ལོའི་ཟླ་11ཚེས་8ཉིན་2024ལོའི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དང་རིག་གནས་གླེང་སྟེགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་ཨ་ཧྥེ་རི་ཁའི་མཁས་དབང་གིས་ཀྲེ་ཅང་ཅིན་ཧྭ་ཝུའུ་ཀྲོའུ་ཡི་སྲོལ་རྒྱུན་རྫ་ཆས་བཟོ་རྩལ་ཉམས་ལེན་བྱེད་བཞིན་པ།

     ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་མཱ་ཀུའུ་ཧྥུའུ་ལི་ཟམ་ཆེན་ད་ལོའི་ཟླ་6པར་དངོས་སུ་ཤར་གཏོང་ཐུབ་པ་རེད། ཟམ་པ་དེ་ནི་ཐན་ཙན་ནི་ཡ་དང་རུ་ཝང་ཏ་དང་། པུ་རུན་ཏི། ཝུ་ཀན་ཏ་སོགས་ཀྱི་རྒྱལ་ཁབ་འབྲེལ་མཐུད་བྱེད་ས་གལ་ཆེན་ཞིག་ཡིན་ཞིང་། འདི་ནི་མཱ་ཀུའུ་ཧྥུའུ་ལི་ཟམ་ཆེན་ཡིན་པ།

    ཐན་ཙན་ནི་ཡའི་གྲུ་ཁའི་གྲོང་ཁྱེར་ཏ་ལེ་སི་ས་ལཱ་མུའུ་ནས་རླངས་འཁོར་ལ་བསྡད་དེ་ནུབ་བྱང་ཕྱོགས་སུ་སྤྱི་ལེ་45ཙམ་བསྐྱོད་ན་པིན་ཧའེ་ཞིང་ཆེན་དུ་འབྱོར་ཞིང་། དེ་གར་ཀྲུང་གོ་ཕྱོགས་ཀྱིས་སྐྲུན་འགན་ཁུར་བའི་ཆེད་མངགས་ཨ་ཧྥེ་རི་ཁ་རྒྱལ་ཁབ་ལ་ཏང་སྲིད་ལས་བྱེད་པ་གསོ་སྐྱོང་བྱེད་སའི་སློབ་གྲྭ་སྟེ། ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་ཆགས་ཡོད།

    ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་ནི་ཐན་ཙན་ནི་ཡའི་གསར་བརྗེའི་ཏང་དང་། ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན། མོ་ཙམ་པི་ཁེ་བཅིངས་འགྲོལ་འཐབ་ཕྱོགས་ཏང་། ཨན་ཀོ་ལ་མི་དམངས་བཅིངས་འགྲོལ་ལས་འགུལ། ན་སྨི་པི་ཡའི་མི་དམངས་རྩ་འཛུགས་ཏང་། ཙམ་པབ་ཝེའི་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ་རྒྱལ་གཅེས་འཐབ་ཕྱོགས་སོགས་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ཀྱི་གཅེན་གཅུང་ཏང་དྲུག(གཤམ་དུ“གཅེན་གཅུང་ཏང་དྲུག”ཅེས་བསྡུ་རྒྱུ)གིས་མཉམ་དུ་བསྐྲུན་ཏེ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་བརྟེན་ནས་སྲིད་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྲིད་འཛིན་ནུས་པ་ཆེ་རུ་གཏོང་བར་གཞོལ་བཞིན་ཡོད།

    ཀྲུང་ཧྥེའི་རྒྱལ་སྐྱོང་སྲིད་འཛིན་སྤེལ་རེས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པའི་ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཏང་གི་མཛའ་མཐུན་མཉམ་ལས་ཀྱི་མཚོན་རྟགས་གལ་ཆེན་ཞིག་དང་། ཀྲུང་ཧྥེ་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པའི་དཔེ་མཚོན་གཞན་ཞིག་ཡིན་པས། དུས་སྐབས་གསར་པར་ཀྲུང་ཧྥེས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དཔེ་མཚོན་གསར་པ་བཏོད་དེ་སྒུལ་ཤུགས་གསར་པ་སྦྱིན་ཡོད།

    2018ལོའི་ཟླ་7པར། ཀྲུང་གོའི་ཀུང་སིས་སྐྲུན་འགན་ཁུར་བའི་ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་ཐན་ཙན་ནི་ཡར་རྩིག་རྨང་བཏིང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་དུས་ཡུན་རིང་པོའི་ནང་ཀྲུང་གོ་གུང་ཁྲན་ཏང་དང་གཅེན་གཅུང་ཏང་དྲུག་གིས་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་པོའི་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་གལ་ཆེན་བཏོན་ཡོད། 2022ལོའི་ཟླ་2པར། ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་གོ་སྐབས་སུ་བརྩིས་ཏེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་སྲིད་ཏང་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཆེད་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་ཕན་ཚུན་རྒྱབ་སྐྱོར་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

    ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་གི་ཡོན་ཀྲང་མཱ་སའེ་ལིན་ནཱ·ཆི་རི་ཅ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གླིང་གི་དམིགས་ཚད་ནི་འཐབ་ཇུས་ཀྱི་མིག་རྒྱང་དང་བསམ་བཀོད་ཡངས་པའི་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་བྱེད་པ་དང་འབྲེལ། གཞི་རིམ་ལས་བྱེད་པ་དེ་བས་མང་པོར་ཤེས་བྱ་བརྒྱུད་ཁྲིད་བྱ་རྒྱུ་དེ་རེད། སློབ་གླིང་གིས་གཙོ་བོ་གསོ་སྦྱོང་རིགས་གཉིས་སྤེལ་བ་སྟེ། གཅིག་ནས་གཅེན་གཅུང་ཏང་དྲུག་གི་གཞོན་དར་ལས་བྱེད་པའི་བགྲོ་གླེང་འཛིན་གྲྭར་གཞོན་ནུ་200ལྷག་ཙམ་ཞུགས་ཡོད་པ་དང་། གཉིས་ནས་སྲིད་གཞུང་ལས་ཁུངས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་ལ་གཞོལ་བཞིན་ཡོད། “གཅེན་གཅུང་ཏང་དྲུག་ལ་ཐུན་མོང་གི་བསམ་གཞི་ཡོད་པ་སྟེ། མི་དམངས་ལ་རོགས་རམ་བྱེད་པ་དང་འབྲེལ་རྒྱལ་ཁབ་ལ་འཕེལ་རྒྱས་ཡོང་བར་བྱེད་པའི་ཐད་སློབ་གླིང་གིས་རྒྱལ་ཁབ་དེ་དག་ལ་ཏང་སྲིད་ལས་བྱེད་པ་མི་རབས་གསར་པ་གསོ་སྐྱོང་བྱེད་བཞིན་ཡོད། ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་འོས་པ་ཞིག་འདུག ང་ཚོའི་སློབ་ཚན་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་མཉམ་དུ་བཀོད་སྒྲིག་བྱས་ཤིང་། མིག་སྔར་ང་ཚོས་སྔར་བས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ནས་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་བསམ་ཚུལ་གཅིག་མཐུན་གྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བས་མང་བ་དང་མཉམ་ལས་འབྲེལ་བ་འཛུགས་བཞིན་ཡོད”ཅེས་ཆི་རི་ཅ་ཡིས་བརྗོད།

    2022ལོའི་ཟླ་5པའི་ཟླ་མཇུག་ཏུ། ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་གིས“དུས་རབས་གསར་པ་དང་འཕེལ་རྒྱས་གསར་པ། ཀྲུང་གོ་གུང་ཁྲན་ཏང་དང་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ཀྱི་གཅེན་གཅུང་ཏང་དྲུག་དབར་གྱི་འཚོལ་ཞིབ་དང་སྤེལ་རེས”ཞེས་པའི་བགྲོ་གླེང་འཛིན་གྲྭ་གཉེར་བ་དེར་གཅེན་གཅུང་ཏང་དྲུག་གི་གཞོན་དར་ལས་བྱེད་པ་120ཞུགས་ཡོད། བགྲོ་གླེང་འཛིན་གྲྭ་མཇུག་འགྲིལ་བའི་སྐབས་སུ་སློབ་མ་ཡོངས་ཀྱིས་མིང་མཉམ་དུ་བཀོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། ཧྥེ་ཀྲུང་གི་མཛའ་གྲོགས་རྒྱུན་འཛིན་དང་ཧྥེ་ཀྲུང་གི་མཉམ་ལས་ཟབ་ཏུ་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།

    ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་གིས་གཅེན་གཅུང་ཏང་དྲུག་ལ་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དང་ཆབས་ཅིག་ཀྲུང་ཧྥེ་ཕན་ཚུན་སློབ་སྦྱོང་དང་མིག་དཔེར་འཛིན་ཤུགས་ཆེ་རུ་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ལྷོ་ཨ་ཧྥེ་རི་ཁའི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས། ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་གིས་ཨ་ཧྥེ་རི་ཁར་ཀྲུང་གོ་གུང་ཁྲན་ཏང་གི་རྩ་ཆེའི་ཉམས་མྱོང་སློབ་སྦྱོང་དེ་བས་ཡག་པོ་བྱེད་པར་རོགས་རམ་བྱེད་ཐུབ་ཅེས་བརྗོད།

    “ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུ་འཚོལ་རོགས་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་སོགས་ལས་སྟེགས་བརྒྱུད་གཅེན་གཅུང་ཏང་དྲུག་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། ང་ཚོའི་གཞོན་དར་ལས་བྱེད་པར་བྱེད་སྟངས་དང་ཉམས་མྱོང་ངོ་སྤྲོད་བྱས་ཏེ་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་གནད་དོན་ཐག་གཅོད་བྱེད་པར་མིག་དཔེ་ཡག་པོ་བསྟན་ཡོད། ཉི་ལེར་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་སློབ་གླིང་ལས་སྟེགས་སུ་བྱས་ཏེ། ཧྥེ་ཀྲུང་གིས་ཏང་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཐུན་མོང་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས། ཧྥེ་ཀྲུང་སྲིད་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་རྒྱུན་མཐུད་ཟབ་ཏུ་བཏང་ཡོད། ཨ་ཧྥེ་རི་ཁར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ཀྱང་དབུལ་ཕོངས་ཉུང་དུ་གཏོང་བ་དང་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ལ་འགྲན་སློང་རབ་དང་རིམ་པ་འཕྲད་ཡོད་པས། ཀྲུང་གོ་དང་མཉམ་ལས་བྱེད་པ་དང་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་དཔེ་ལྟ་བ་ནི་ཧ་ཅང་གལ་ཆེན་པོ་རེད”ཅེས་ཆི་རི་ཅ་ཡིས་བརྗོད་པ་དང་། ཁོང་གིས། དེང་རབས་ཅན་མངོན་འགྱུར་བྱེད་པའི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ཧྥེ་ཀྲུང་གིས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་བར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།