ལྷ་ས་ནས་ཨེ་ཀྲོའུ་ལ་ཐད་ཀར་འཕུར་བའི་ཟོག་འདྲེན་གནམ་གྲུའི་དུས་བཀག་མཁའ་ལམ་ཐོག་མ་ཤར་གཏོང་ཐུབ་པ།
“མཚན་གཅིག་ལ་རྒྱལ་ཡོངས་སུ་འབྱོར་བ་དང་ཉིན་གཉིས་པར་འཛམ་གླིང་དང་འབྲེལ་མཐུད”ཐུབ་པ།
ཟླ་7ཚེས་10ཉིན་གྱི་ཆུ་ཚོད་12དང་སྐར་མ་10ལ་ཧྲུན་ཧྥུང་ཟོག་འདྲེན་གནམ་གྲུ་ཞིག་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་ཧུའུ་པེའི་ཨེ་ཀྲོའུ་ཧྭ་ཧུའུ་རྒྱལ་སྤྱིའི་གནམ་ཐང་དུ་ཐད་ཀར་འཕུར་བ་དེ་ཐོག་ནས་ལྷ་ས་ནས་ཨེ་ཀྲོའུ་བར་གྱི་ཧྲུན་ཧྥུང་ཟོག་འདྲེན་གནམ་གྲུའི་དུས་བཀག་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། བོད་དང་ཧྭ་ཀྲུང་སྦྲེལ་མཐུད་བྱེད་པའི་ལྟེ་བའི་ཟོག་འགྲེམས་ལྟེ་གནས་དང་དངོས་ཟོག་འབོར་ཆེན་སྐྱེལ་འདྲེན་གྱི་ལེགས་ཆ་ལྡན་པའི“མཁའ་འགྲུལ་ལམ་ཆེན”དངོས་སུ་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད།
དེ་སྔ་ཉིན་7ནས་10བར་འགོར་བའི་སྲོལ་རྒྱུན་གྱི་སྐམ་ཐོག་སྐྱེལ་འདྲེན་དང་བསྡུར་ན། མཁའ་ལམ་དེ་ཤར་གཏོང་ཐུབ་པ་ལས་སྐྱེལ་འདྲེན་དུས་ཚོད་ཉིན་2ནས་4བར་ཐུང་དུ་ཕྱིན་པ་དང་ཟོག་འདྲེན་ལས་ཕྱོད་50%ལྷག་ཙམ་ཆེ་རུ་ཕྱིན་ཡོད། ཟོག་འདྲེན་གནམ་གྲུས་ཆེད་སྤྱོད་ལམ་ཐིག་བརྒྱུད་སྤྱིའི་ཐེག་ཚད་ཆེ་ཤོས་ཏུན་32ཀྱི་དངོས་ཟོག་སྐྱེལ་འདྲེན་ཐུབ་ཀྱི་ཡོད། དངོས་ཟོག་དག་བོད་ལྗོངས་མཁའ་འགྲུལ་ཁུལ་གསར་དུ་བསྡུ་རུབ་བྱས་རྗེས། ཐད་འཕུར་དུས་གཏན་གནམ་གྲུ་བརྒྱུད་ཨེ་ཀྲོའུ་ཧྭ་ཧུའུ་རྒྱལ་སྤྱིའི་གནམ་ཐང་དུ་དབོར་བ་དང་། དེ་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་300ལྷག་ཙམ་ལ་ཁྱབ་པའི་ཧྲུན་ཧྥུང་མཁའ་འགྲུལ་དང་སྐམ་ཐོག་སྐྱེལ་འདྲེན་དྲ་རྒྱར་བརྟེན་ནས“མཚན་གཅིག་ལ་རྒྱལ་ཡོངས་སུ་འབྱོར་བ་དང་ཉིན་གཉིས་པར་འཛམ་གླིང་དང་འབྲེལ་མཐུད”ཐུབ་ཀྱི་ཡོད།
ཤེས་རྟོགས་བྱུང་བར་གཞིཌ་ན། མཁའ་ལམ་དེས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་ལྟེ་བའི་བརྒྱུད་སྤྲོད་བྱེད་སྟངས་བརྒྱུད། བོད་རང་གི་ཁེ་ལས་འབྲིང་ཆུང་དང་ཞིང་འབྲོག་པའི་མཉམ་ལས་ཁང་རྒྱལ་ཡོངས་ཀྱི་ཁྲོམ་རའི་འགྲན་རྩོད་ནང་དེ་བས་ལེགས་པའི་ངང་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁོངས་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བ་དང་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།