འགྲུལ་བཞུད་ལམ་བུར་ཅི་དགར་རོལ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྒྱུ་རྩལ་ཚོགས་པས་ཞབས་བྲོ《མ་ཡུམ་མེས་རྒྱལ》འཁྲབ་བཞིན་པ།
ཟླ་7ཚེས་11ཉིན། ནོར་བུ་གླིང་ག་མཛེས་ལྗོངས་ཁུལ་གྱིས“རིག་གནས་རྒྱུན་འཛིན། སྤུས་དག་ལོངས་སྤྱོད”བརྗོད་དོན་གཙོ་བོར་བྱས་ཏེ། “རིག་གནས་དང་ཡུལ་སྐོར་ཉམས་ལེན་དུས་ཚིགས”ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
བྱེད་སྒོ་དེ་སྲོལ་རྒྱུན་ལྷ་མོ“བཀྲ་ཤིས་ཞོལ་པ”ཡི་འཁྲབ་སྟོན་ཁྲོད་འགོ་ཚུགས་པ་དང་། ས་གནས་ས་ཐོག་ཏུ། ཡུལ་སྐོར་བ་ཚོས་ཇ་ལོའི་བྲོ་བར་མྱོང་རོལ་བྱེད་ཆོག་པ་མ་ཟད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྒྱུ་རྩལ་ཚོགས་པའི“རིག་གནས་ཀྱིས་མཛེས་ལྗོངས་ཁུལ་དུ་མཛེས་རྒྱན་སྤྲས། སྒྱུ་རྩལ་གྱིས་ཡུལ་སྐོར་ལམ་བུར་བཀྲག་མདངས་རྒྱས”ཞེས་པའི་རིག་རྩལ་འཁྲབ་སྟོན་ལ་ཡང་ལྟ་ཆོག་གི་ཡོད།
འབྲེལ་ཡོད་གསར་འགྱུར།