ན་ནིང་ཡང་བའི་བཟོ་ལས་ཀྱི་ཁེ་ལས་སྟོབས་ཆེན་200ཡི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.95མངོན་འགྱུར་བྱུང་བ།
2024ལོའི་ལོ་འཁོར་དུ་རང་རྒྱལ་གྱི་ཡང་བའི་བཟོ་ལས་ཀྱི་ཁེ་ལས་སྟོབས་ཆེན་200ཡི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.95དང་ཁེ་སྤོགས་སྒོར་དུང་ཕྱུར་3448ཟིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉིན་ཤས་གོང་པེ་ཅིང་དུ་འཚོགས་པའི་ཡང་བའི་བཟོ་ལས་ཀྱི་ཁེ་ལས་སྟོབས་ཆེན་བརྒྱའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོན་ལས་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། 2024ལོའི་ལོ་འཁོར་དུ་རང་རྒྱལ་གྱི་ཡང་བའི་བཟོ་ལས་ཀྱི་ཁེ་ལས་སྟོབས་ཆེན་200ཡི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.95དང་ཁེ་སྤོགས་སྒོར་དུང་ཕྱུར་3448ཟིན་ནས་ལས་རིགས་ཡོངས་ཀྱི་17.2%དང་23%སོ་སོར་བཟུང་ཡོད།
ལག་རྩལ་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་ཞིང་། 2024ལོར་ཡང་བའི་བཟོ་ལས་ཀྱི་ཚན་རྩལ་ཁེ་ལས་སྟོབས་ཆེན་བརྒྱ་ཡིས་ཆ་སྙོམས་ཞིབ་སྤེལ་བྱེད་ཚད་2.9%ཟིན་པ་དང་། དེའི་ནང་ནས་ཡང་བའི་བཟོ་ལས་ཀྱི་འཕྲུལ་ཆས་ཁེ་ལས་8ཀྱིས་ཆ་སྙོམས་ཞིབ་སྤེལ་བྱེད་ཚད་6.5%ཟིན་པ་དང་ཁྱིམ་སྤྱོད་གློག་ཆས་ཁེ་ལས་13གྱིས་ཆ་སྙོམས་ཞིབ་སྤེལ་བྱེད་ཚད་3.8%ཟིན་ཡོད།
རིག་ནུས་ཕྱོགས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཞིང་། ཉེ་བའི་ལོ་ཤས་རིང་ཡང་བའི་བཟོ་ལས་ཀྱི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་སྟོབས་ཆེན་བརྒྱས་རབས་གསར་པའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་མགྱོགས་སུ་བཏང་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་ཡང་བའི་བཟོ་ལས་ཀྱི་གྲངས་འཛིན་ཅན་གྱི་ཞིབ་སྤེལ་ཇུས་འགོད་ཡོ་བྱད་ཁྱབ་གདལ་གཏོང་ཚད་78.2%དང་འགག་རྩའི་ལས་རིམ་གྲངས་འཛིན་ཅན་དུ་འགྱུར་ཚད་62.4%ཟིན་པ་དེ་རྒྱལ་ཡོངས་བཟོ་ལས་ཀྱི་བརྒྱ་ཆའི་གྲངས་12.7དང་བརྒྱ་ཆའི་གྲངས་10.3ལས་སོ་སོར་མཐོ་བ་ཡོད།
ལྗང་མདོག་འཕེལ་རྒྱས་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་བསྐྱོད་ཅིང་། མིག་སྔར་ཡང་བའི་བཟོ་ལས་ཀྱི་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་1321དང་ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཁེ་ལས་167ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།