དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་ལྔ་པར་ཀྲུང་གོའི་ཁེ་ལས་ཀྱི་ཡིད་རྟོན་བྱེད་ཚད་བརྟན་པོར་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-13

    ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་ལྔ་པར་ཀྲུང་གོའི་ཁེ་ལས་ཀྱི་ཡིད་རྟོན་སྟོན་གྲངས་162.96ཟིན་པ་དང་། རྒྱལ་སྤྱིའི་ཁོར་ཡུག་མགྱོགས་མྱུར་འགྱུར་ལྡོག་འགྲོ་བ་སོགས་རྙོག་འཛིང་ཆེ་བའི་དུས་བབ་ཁྲོད། ཁེ་ལས་ཀྱི་ཡིད་རྟོན་བྱེད་ཚད་སྤྱིའི་ཆ་ནས་བརྟན་པོར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ཁེ་ལས་ཀྱི་ཡིད་རྟོན་བྱེད་ཚད་ལེགས་ཕྱོགས་སུ་འཕེལ་བའི་རྨང་གཞི་བརྟན་པོ་ཡོད་དེ། ཟླ་བ་ལྔ་པར། ཀྲུང་གོའི་ཁེ་ལས་ཀྱི་ཡིད་རྟོན་སྟོན་གྲངས་དེ་ཟླ་བ་བཞི་པ་དང་བསྡུར་ན་1.15འཕར་ཞིང་། བློས་འཁེལ་རང་བཞིན་གྱི་ཁག་བགོས་དམིགས་ཚད་དང་། གཉེར་སྐྱོང་རང་བཞིན་གྱི་ཁག་བགོས་དམིགས་ཚད། ནོར་དོན་རང་བཞིན་གྱི་ཁག་བགོས་དམིགས་ཚད། འབྲེལ་བཅས་རང་བཞིན་གྱི་ཁག་བགོས་དམིགས་ཚད་བཅས་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། སྲོལ་མཐུན་རང་བཞིན་གྱི་ཁག་བགོས་དམིགས་ཚད་དང་ལྟ་འདོམས་རང་བཞིན་གྱི་ཁག་བགོས་དམིགས་ཚད་ཅུང་ཟད་འཕར་ཡོད། ས་ཁོངས་ཁེ་ལས་ཀྱི་ཡིད་རྟོན་བྱེད་ཚད་སྤྱི་ཡོངས་ནས་མཐོ་རུ་ཕྱིན་ཡོད་དེ། ཞིང་ཆེན་མང་པོ་ཞིག་གི་སྟོན་གྲངས་ཟླ་བ་གོང་མ་དང་བསྡུར་ན་འཕར་བ་དང་། དེའི་ནང་ཡུན་ནན་དང་། ཧེ་ལུང་ཅང་། ཐེན་ཅིན་བཅས་ཀྱི་འཕར་ཚད་མངོན་གསལ་དོད་པོ་ཡོད་པ་རེད། ལས་རིགས་ཁེ་ལས་ཀྱི་ཡིད་རྟོན་བྱེད་ཚད་སྤྱི་ཡོངས་ནས་མཐོ་རུ་ཕྱིན་ཡོད་དེ། ལས་རིགས་ཁག་གི་སྟོན་གྲངས་ཟླ་བ་གོང་མ་དང་བསྡུར་ན་ཚང་མ་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།