དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་མུ་མཐུད་2%སྤོར་རྒྱུ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ཡིས་2025ལོར་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 2024ལོའི་ལོ་མཇུག་གོང་གཏན་འབེབས་ལྟར་རྒན་ཡོལ་གྱི་འགྲོ་ལུགས་གཉེར་བ་མ་ཟད། ཟླ་བ་གཞིར་བཟུང་གཞི་རྩའི་རྒན་གསོའི་དངུལ་ལེན་པའི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། སྤྱིའི་ལེགས་སྒྲིག་ཆུ་ཚད་ནི་2024ལོར་རྒན་ཡོལ་ཞུས་པའི་མི་སྣའི་ཟླ་རེའི་མི་རེའི་གཞི་རྩའི་རྒན་གསོའི་དངུལ་གྱི་2%ཡིན་པ་ཁ་གསལ་གཏན་འཁེལ་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལེགས་སྒྲིག་ཐད་མུ་མཐུད་བཅད་གྲངས་ལེགས་སྒྲིག་དང་། ཟུང་སྦྲེལ་ལེགས་སྒྲིག འོས་འཚམ་གཟིགས་སྐྱོང་བཅས་ཟུང་དུ་འབྲེལ་བའི་ལེགས་སྒྲིག་བྱ་ཐབས་སྤྱད་དེ་རྒན་གསོའི་དངུལ་གྱི་ཆུ་ཚད་ཅུང་དམའ་བའི་ཚོགས་སྤྱིར་གཙོ་གནད་ཐོག་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་རེད།

    བཅད་གྲངས་ལེགས་སྒྲིག་ལས་དྲང་གཞག་གི་རྩ་དོན་མཚོན་པ་སྟེ། ས་ཁུལ་གཅིག་པའི་རྒན་ཡོལ་ཞུས་པའི་མི་སྣ་སྣ་ཚོགས་ཀྱི་ལེགས་སྒྲིག་ཚད་གཞི་གཅིག་པ་ཡིན། ཟུང་སྦྲེལ་ལེགས་སྒྲིག་ལས“མང་འཇལ་མང་ཐོབ”དང“ཡུན་རིང་འཇལ་ན་མང་པོ་ཐོབ་པའི”སྐུལ་ལྕག་ལམ་སྲོལ་མཚོན་པ་སྟེ། འགན་བཅོལ་ལ་ཞུགས་མཁན་མི་སྣར་ལས་གནས་སུ་སྡོད་སྐབས་གྲོན་དངུལ་མང་ཙམ་དང་ཡུན་རིང་པོར་གྲོན་དངུལ་འཇལ་བར་སྐུལ་འདེད་བཏང་ཡོད། འོས་འཚམ་གཟིགས་སྐྱོང་ལས་གཙོ་གནད་ཐུགས་ཁུར་མཚོན་པ་སྟེ། གཙོ་བོ་ལོ་ན་མཐོ་བའི་རྒན་ཡོལ་ཞུས་པའི་མི་སྣ་དང་དཀའ་ངལ་ཆེ་བའི་མཐའ་ཁུལ་གྱི་རྒན་ཡོལ་ཞུས་པའི་མི་སྣ་སོགས་ཀྱི་ཚོགས་སྤྱིར་ལྟ་རྟོག་བྱས་ཡོད།

    བརྡ་ཐོའི་ནང་། ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་ས་ཁུལ་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་ནས་ལག་བསྟར་སྒྲིག་འཛུགས་བྱེད་པར་དམ་འཛིན་བྱས་ཏེ། ལེགས་སྒྲིག་བྱས་ནས་སྤར་བའི་གཞི་རྩ

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།