དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མེ་ཏོག་ལན་ཧྭ་བྱ་དགའ་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོཌ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་10ཉིན། མེ་ཏོག་ལན་ཧྭ་བྱ་དགའ་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་རེད།

    མེ་ཏོག་ལན་ཧྭ་བྱ་དགའི་དམིགས་ཡུལ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་ཧུར་ཐག་བསྟར་ཏེ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མི་ཆོས་རིག་གནས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་རྒྱལ་སྤྱིའི་གྲོགས་པོ་དང་སྒྲིག་གཞིར་གཟེངས་བསྟོད་དང་བྱ་དགའ་སྤྲོད་ཆེད་རེད། པུར་ཀ་རི་ཡའི་དབྱི་ལིན་ན·པོ་ཁོ་ཝ་དང་། ཐ་ཇིག་སི་ཐན་གྱི་ལ་ཞི་ཏེ·ཨ་ལི་མོ་ཧྥུའུ། ཧྥ་རན་སིའི་མ་ཁེ་ཞི་མུའུ·ཝེ་ཝ་སི་སོགས་ཕྱི་རྒྱལ་གྱི་མི་སྣ་9དང་ཨ་རིའི་ཧྥེ་ཁྲེང་མཉམ་སྒྲོག་རོལ་དབྱངས་ཚོགས་པར་སྐབས་འདིའི་བྱ་དགའ་ཐོབ་པ་རེད།

    བྱ་དགའ་ཐོབ་པའི་སྐུ་མགྲོན་གྱིས་རྒྱལ་སྤྱིའི་དུས་བབ་ཟང་ཟིང་དུ་འགྱུར་བ་དང་མིའི་རིགས་ཀྱི་ལས་དབང་སྐྱིད་སྡུག་མཉམ་མྱོང་ཡིན་པའི་དེང་སྐབས་སུ། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་དང་རྒྱལ་སྤྱིའི་སྤྱི་ཚོགས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བར་རིག་གནས་ཀྱི་ཕོ་ཉ་དེ་བས་མང་བས་ཤེས་དཔལ་སྨྱན་སྦྱོར་དུ་བྱས་ཏེ་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་མིའི་རིགས་ཀྱི་ཤེས་དཔལ་གྱི་མཛེས་རིས་འབྲི་བར་སྐུལ་མ་གཏོང་དགོས་པའི་ངོས་འཛིན་བྱས་ཡོད།

    བྱ་དགའ་ཐོབ་པའི་སྐུ་མགྲོན་གྱིས། མཐུན་འགྲོགས་མཉམ་གནས་མཐའ་འཁྱོངས་བྱས་ཏེ་ཞི་བདེ་མཉམ་ལས་ཀྱི་ཤེས་དཔལ་གྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་དགོས་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དར་སྤེལ་བཏང་ནས་སྒོ་དབྱེ་བསྟུན་མཁས་ཀྱི་རིན་ཐང་གི་འདུ་ཤེས་དར་སྤེལ་གཏོང་དགོས་པ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་གཏིང་ཟབ་བཟུང་ནས་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་ཕུལ་བྱུང་གྲུབ་འབྲས་མཉམ་སྤྱོད་བྱས་ནས་ཤེས་དཔལ་གྱི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ་དང་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།