དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཧྥེ་རི་ཁའི་ལྡིང་ཟམ་རིང་ཤོས།

    ​—— ཐན་ཙན་ནི་ཡའི་མ་ཀུའུ་ཧྥུའུ་ལི་ཟམ་ཆེན་ཉེ་ཆར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲེན་ཞའོ་ཞའོ།   |     སྤེལ་དུས།  2025-07-13

    འདི་ནི་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་མ་ཀུའུ་ཧྥུའུ་ལི་ཟམ་ཆེན་ཡིན་པ། (ཀྲུང་གོའི་བཟོ་སྐྲུན་གྱིས་མཁོ་འདོན་བྱས་པའི་པར)

    ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་གིས་རྒྱལ་དར་གཡུག་གཡུག་བྱས་ནས་རླངས་འཁོར་འགྲོ་སྐྱོད་ཆོག་པའི་བརྡ་བཏང་བ་དང་ཆབས་ཅིག མ་ཀུའུ་ཧྥུའུ་ལི་ཟམ་ཆེན་ཐོག་བསྐྱོད་རྒྱུར་སྒུག་པའི་རླངས་འཁོར་ཁག་དང་པོ་གཅིག་རྗེས་གཉིས་མཐུད་ངང་སྐྲུན་འགོ་ཚུགས། ཉིན་ཤས་གོང་། ཀྲུང་གོའི་ཨར་ལས་དང་ཀྲུང་གོ་ལྕགས་ལམ་ཅུས་བཅོ་ལྔ་པས་མཉམ་འབྲེལ་ཐོག་བསྐྲུན་པའི་ཨ་ཧྥེ་རི་ཁའི་ལྕོག་དམའི་ལྡིང་ཟམ་རིང་ཤོས་ཏེ། ཐན་ཙན་ནི་ཡའི་མ་ཀུའུ་ཧྥུའུ་ལི་ཟམ་ཆེན་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། ཝེ་ཏུའོ་ལི་ཡ་མཚོ་འཕྲེད་དུ་བརྒལ་བའི་མ་ཀུའུ་ཧྥུའུ་ལི་ཟམ་ཆེན་ནི་འཇའ་ཚོན་ཞིག་དང་འདྲ་བར་ངོགས་གཉིས་འབྲེལ་མཐུད་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཀྱི་གནས་རྟགས་གསར་པ་ཞིག་ཏུ་གྱུར་ཡོད།

    “ཐན་ཙན་ནི་ཡའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན”

    མ་ཀུའུ་ཧྥུའུ་ལི་ཟམ་ཆེན་ནི་ཐན་ཙན་ནི་ཡའི་མུའུ་དབན་ཀྲ་ཞིང་ཆེན་དུ་གནས་ལ། རིང་ཚད་ལ་སྤྱི་ལེ་4.66དང་ཕྱོགས་གཉིས་ལ་འཁོར་ལམ་4ཡོད་ཅིང་། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ཟིན་ནས་ལོར་སྔོན་དཔག་བྱས་ན་ཆ་སྙོམས་རླངས་འཁོར་ཤར་གཏོང་ཐུབ་ཚད་ཐེངས་ཁྲི་100དང་མི་སྣ་འགྲོ་འོང་བྱེད་ཚད་ཐེངས་ཁྲི་400ལས་བརྒལ་རྒྱུ་རེད། ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ངོགས་གཉིས་ཀྱི་གྲོང་མི་ཕན་ཚུན་འགྲོ་འོང་གི་དུས་ཚོད་དེ་སྔའི་ཆུ་ཚོད་2ལྷག་ཙམ་གྱི་གཞུང་ལམ་བསྐོར་བའམ་ཡང་ན་སྐར་མ་40ཙམ་གྲུ་གཟིངས་སྡོད་དགོས་པ་ནས་སྐར་མ་5ཙམ་བར་ཐུང་དུ་ཕྱིན་ཏེ་འགྲོ་འོང་གི་ལས་ཆོད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་རེད།

    གསར་འགོད་པས་ས་གནས་ས་ཐོག་ནས་དམངས་ཚོགས་མང་པོས་དགའ་སྤྲོའི་ངང་ཟམ་ཆེན་དུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ་མཐོང་བྱུང་། ས་གནས་དེ་གའི་གྲོང་མི་ཧ་ལི་མ་ཡིས“དེ་སྔ་ངས་ཕྲུ་གུ་སྨན་ཁང་དུ་སྐྱེལ་བར་གྲུ་གཟིངས་བསྡད་དེ་མཚོའི་ཕ་རོལ་དུ་བསྐྱོད་པར་དུས་ཚོད་རིང་པོ་འགོར་བས་སེམས་ཁྲལ་ཆེན་པོ་ཡོང་གི་འདུག”ཅེས་བཤད། ཝེ་ཏུའོ་ལི་ཡ་མཚོ་ངོགས་གཉིས་སུ་སློབ་གྲྭ་དང་སྨན་ཁང་ཁྱབ་ཚུལ་དོ་སྙོམས་མེད་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་ཁྱིམ་ཚང་མང་པོ་ཞིག་གི་སྨན་བཅོས་དང་སློབ་གསོའི་གོ་སྐབས་ཤོར་གྱི་ཡོད། “ཀྲུང་གོའི་གྲོགས་པོ་དང་ཀྲུང་གོའི་ཁེ་ལས་ལ་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས་ང་ཚོའི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་བྱུང”

    ཐན་ཙན་ནི་ཡའི་བཟོ་སྐྲུན་པུའུ་ཡི་པུའུ་ཀྲང་ཨ་པུའུ་ཏུའུ་ལ·ཝུའུ་ལའེ་ཅ་ཡིས“ཟམ་པ་དེ་ནི་ཨ་ཧྥེ་རི་ཁ་ཤར་མའི་ཟམ་ཆེན་རིང་ཤོས་ཡིན་པས། ང་ཚོའི་རྒྱལ་ཁབ་ཀྱི་མཚོན་རྟགས་དང་སྤོབས་པ་ཞིག་ཏུ་འགྱུར་རྒྱུ་རེད། ཐན་ཙན་ནི་ཡས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ཐན་ཙན་ནི་ཡའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་ཡོད”ཅེས་བཤད།

    “དམངས་འཚོ་ལེགས་སུ་གཏོང་བ་དང་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག”

    ཞོགས་པའི་ཆུ་ཚོད་6པའང་མ་ཟིན་གོང་གསེར་མདོག་གི་ཉི་འོད་ཝི་ཏུའོ་ལི་ཡ་མཚོ་ངོས་སུ་འཕྲོས་ཤིང་། མ་ཀུའུ་ཧྥུའུ་ལི་ཟམ་ཆེན་གྱི་ཅི་ཀུང་ཀོའི་གཞོགས་སུ་གནས་པའི་ཉ་ཁྲོམ་དུ་མི་ཚོགས་ཀྱིས་ཁེངས་ཡོད། ས་གནས་དེ་གའི་ཉོ་སྒྲུབ་ཚོང་པ་ཨ་ཅི་ལིས་འགྱིག་ལྷམ་ཞིག་གྱོན་ནས་ལས་རོགས་དང་མཉམ་དུ་ཉ་སོས་པ་བླུགས་པའི་ལྕགས་སྒྲོམ་སྦག་སྦག་གི་རྐུབ་སྟེགས་ཐོག་འདོགས་བཞིན་འདུག

    ཨ་ཅི་ལི་ཉིན་ལྟར་ཞོགས་པ་ནམ་མ་ལངས་གོང་ཉ་ཁྲོམ་དུ་ཡོང་ནས་ཉ་ཉོ་གི་ཡོད། ཁོང་གིས“སྐབས་རེ་ང་ཚོས་ཅི་ཀུང་ཀོ་ནས་ཉ་ཡག་པོ་མ་རག་ཚེ་མཚོའི་ཕར་ངོགས་ཀྱི་པུའུ་ཤིས་ཤིས་ས་ཁུལ་དུ་ཉོ་བར་འགྲོ་གི་ཡོད། འོན་ཀྱང་གྲུ་གཟིངས་བསྡད་དེ་ཕ་རོལ་དུ་འགྲོ་བར་དུས་ཚོད་རིང་པོ་འགོར་བ་དང་དྲོད་ཚད་མཐོ་བའི་སྐབས་ཉ་འཕྲོ་བརླག་འགྲོ་སླ་པོ་ཡོད”ཅེས་བཤད། ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་མཚོ་ངོགས་གཉིས་སུ་འགྲོ་འོང་བྱེད་བདེ་བ་དང་། ཉ་སོས་པ་འདེམས་པའི་དུས་ཚོད་དང་གོ་སྐབས་དེ་བས་མང་བ་མ་ཟད་ཉ་དུས་ཐོག་ཏུ་ལས་སྣོན་བཟོ་གྲྭ་དང་ཁྲོམ་རར་སྐྱེལ་ཐུབ་ཀྱི་ཡོད། ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁོང་གི་ཟླ་རེའི་ཡོང་འབབ་སྔོན་དཔག་བྱས་ན་སྔོན་ཆད་ལས་30%འཕར་བཟོ་ཡོད་པ་རེད།

    ཝེ་ཏུའོ་ལི་ཡ་མཚོ་ནི་ཨ་ཧྥེ་རི་ཁའི་ཚྭ་མེད་ཉ་ཐོན་ཁུལ་ཆེ་ཤོས་ཀྱི་གྲས་ཤིག་རེད། མུའུ་དབན་ཀྲ་ཉ་ལས་མཐུན་ཚོགས་ཀྱིས་ཚོད་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཉ་ཆུ་ཚོད་གཅིག་ནང་ལས་སྣོན་བཟོ་གྲྭའམ་ཡང་ན་གྲང་མཛོད་དུ་སྐྱེལ་ཐུབ་པས་སྐྱེལ་འདྲེན་མ་གནས་25%ནས་30%བར་དམའ་རུ་འགྲོ་གི་ཡོད་པ་རེད།

    འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དེས་ད་དུང་མཚོའི་རྒྱུད་ཀྱི་ས་ཁོངས་སུ་མ་འཇོག་བྱེད་ཤུགས་ཆེ་རུ་འགྲོ་བར་ཡང་སྐུལ་ཁྲིད་ཐུབ་ཡོད། ཐན་ཙན་ནི་ཡའི་ས་ཞིང་དང་། སྡོད་ཁང་། མི་འཚོ་སྡོད་བྱ་ཡུལ་འཕེལ་རྒྱས་པུའི་གྲངས་གཞིར་གཞིགས་ན། ཟམ་ཆེན་སྐྲུན་འགོ་བཙུགས་ཚུན་ས་གནས་དེ་གར་གསར་དུ་ཐོ་འགོད་བྱས་པའི་ཚོང་ལས་བྱེད་པོ་འབྲིང་ཆུང་ལོ་གསུམ་གོང་ལས་ལྡབ་2.8འཕར་ཡོད་པ་རེད། མིག་སྔར། ས་གནས་དེ་གར་ཟོག་འགྲེམས་གླིང་དང་ཡུལ་སྐོར་གསར་སྤེལ་རྣམ་གྲངས་མང་པོ་ཞིག་འཆར་འགོད་བྱེད་བཞིན་ཡོད་པ་རེད།

    “ཀྲུང་གོའི་ཁེ་ལས་ཀྱི་རོགས་རམ་འོག་རེ་སྒུག་མངོན་སུམ་དུ་གྱུར་པ”

    མ་ཀུའུ་ཧྥུའུ་ལི་ཟམ་ཆེན་རྣམ་གྲངས་གནས་སའི་ཆུ་ཁོངས་ནི་ཐན་ཙན་ནི་ཡའི་ཉ་ལས་ཐོན་ཁུངས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། མཚོའི་ཆུ་སྤུས་ས་གནས་དེ་གའི་གྲོང་མིའི་འཐུང་ཆུའི་བདེ་འཇགས་དང་ཉ་པ་ཚོའི་འཚོ་བར་ཐད་ཀར་འབྲེལ་བ་ཡོད་པ་རེད། རྣམ་གྲངས་ཀྱི་ཅིང་ལི་གཞོན་པ་ཆིན་རུང་གིས་གསར་འགོད་པར་ཟམ་ཆེན་སྐྲུན་རིང་རྣམ་གྲངས་ཚོགས་པས་ཁོར་ཡུག་སྲུང་སྐྱོང་སྔོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བཟོ་རྩལ་ལག་རྩལ་གསར་གཏོད་བྱས་པ་བརྒྱུད། ཆུ་ཁོངས་སུ་སྦགས་བཙོག་མེད་པར་གྱུར་ནས“ཨར་ལས་བྱས་རུང་མཚོ་ལ་གནོད་འཚེ་མི་ཕོག་པའི”དམིཌ་ཚད་མངོན་འགྱུར་བྱུང་ཡོད་ཅེས་བཤད་པ་རེད།

    རྣམ་གྲངས་དེས་ས་གནས་དེ་གར་ལས་ཞུགས་ལས་གནས་3000ཙམ་བཏོད་པའི་ནང་ས་གནས་དེ་གའི་ལས་མིས་95%ཙམ་བཟུང་བ་དང་ཆེད་ལས་ལག་རྩལ་བཟོ་པ་1500ལྷག་ཙམ་གསོ་སྐྱོང་བྱས་པ་རེད། རྣམ་གྲངས་འཛུཌ་སྐྲུན་བྱེད་རིང་ཀྲུང་གོ་ཕྱོགས་ཀྱི་བཟོ་སྐྲུན་པས་ད་དུང་ཐན་ཙན་ནི་ཡའི་གཞོན་ནུ་ཚོར་ལག་རྩལ་དང་ཉམས་མྱོང་བརྒྱུད་ཁྲིད་ཧུར་

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།