ཀྲུང་གོས་འབྲི་ཆུའི་ཆུ་སྤུས་ལེགས་སུ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
འདི་ནི་ཉེ་ཆར་ཡུལ་སྐོར་གྲུ་གཟིངས་འབྲི་ཆུའི་ཝུའུ་ཞ་བརྒྱུད་ནས་སྐྱོད་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཆོན་ཁྲའོ་ཡིས་པར་བླངས)
ཁྲུང་ཆིང་གྲོང་ཁྱེར་ཝུའུ་ཧྲན་རྫོང་ནི་ཨེ་ཤེ་ཡའི་ཆུ་བོ་རིང་ཤོས་ཏེ་འབྲི་ཆུའི་གྲོག་རོང་དུ་གནས་ཡོད། 2003ལོ་ནས་བཟུང་ཝུའུ་ཧྲན་གྱིས་འཕྱོ་གཡེང་ལས་སྒྲུབ་གྲུ་གཟིངས་བཅུ་གྲངས་ལས་གྲུབ་པའི་གྲུ་གཟིངས་རུ་ཁག་ཅིག་བཀོད་སྒྲིག་བྱས་ཡོད། ཁོ་ཚོས་ཉིན་ལྟར་འབྲི་ཆུའི་ནང་གི་གད་སྙིགས་སྒྲུག་ཅིང་། ལོ་རེའི་ཟླ་ལྔ་པ་ནས་བཅུ་པའི་བར་གྱི་ཆུ་རྒྱས་པའི་དུས་ནི་དཀའ་གནད་ཆེ་ཤོས་ཀྱི་དུས་མཚམས་ཤིག་རེད། སྦགས་བཙོག་གཙང་སེལ་ལས་གྲྭ་དེས་ལོ་ལྟར་གད་སྙིགས་ཏུན་ཁྲི་2ལྷག་ཙམ་བསྒྲུགས་ནས་གཙང་སེལ་བྱེད་ཀྱི་ཡོད་ལ། ཝུའུ་ཧྲན་རྫོང་གིས་དེའི་དོ་དམ་ཁྱབ་ཁོངས་ནང་གི་རིང་ཚད་སྤྱི་ལེ་55ཡོད་པའི་འབྲི་ཆུའི་ཆུ་རྒྱུན་ཨ་མའི་དུམ་བུ་བཅོས་སྐྱོང་བྱེད་པར་ལོ་ལྟར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་བརྒྱ་ལྷག་ཙམ་གཏོང་གི་ཡོད།
ལས་གྲྭ་ཆེན་པོ་དེ་སྤེལ་འགོ་ཚུགས་ནས་ལོ་20སོང་བའི་རྗེས་ལ་ཝུའུ་ཧྲན་རྫོང་ལ་བཅོས་སྐྱོང་གི་ཕན་འབྲས་ཐོན་འགོ་ཚུགས་ཤིང་། ཀྲུང་གོའི་ཆུ་སྤུས་ཚད་གཞིའི་མ་ལག་ལ་གཞིགས་ན། འབྲི་ཆུའི་ཝུའུ་ཧྲན་དུམ་བུའི་ཆུ་རྒྱུན་ཨ་མའི་བཅད་ངོས་ཀྱི་ཆུ་སྤུས་ལོ་8བསྟུད་མར་རིགས་Ⅱཔའི་ཚད་གཞི་རྒྱུན་འཁྱོངས་ཐུབ་པ་དང་སྤྱིའི་ལིན་གར་ཚད་ལོ་11བསྟུད་མར་ཆག་ཡོད།
ཀྲུང་གོར་འབབ་རྒྱུད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་1000ལྷག་ཙམ་ཟིན་པའི་ཆུ་བོ་1500ལྷག་ཙམ་དང་ཆུ་རྒྱུད་ཆེན་པོ་བདུན་ཡོད། དེར་བརྟེན་ཆུའི་སྦགས་བཙོག་སེལ་རྒྱུ་ནི་ཀྲུང་གོའི་ངོས་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དུས་རབས་གསར་པ་ཤར་ཚུན་དུ་ཀྲུང་གོས་འབྲི་ཆུར་བཅོས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། 2002ལོར་ཀྲུང་གོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་ཀྲུང་གོའི་ཆུའི་བཅོས་སྐྱོང་གི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་མཚོན་གྱི་ཡོད། དེ་རྗེས་ཀྱི་2015ལོར་ཀྲུང་གོས་དུས་མཚམས་རང་བཞིན་གྱི་དམིགས་ཚད་བཟོས་པ་སྟེ། 2020ལོར་སླེབས་སྐབས་གཙོ་གནད་འབབ་རྒྱུད་ཆེན་པོ་བདུན་གྱི་ཆུའི་སྤུས་ཚད་ལེགས་པའི(རིགས་Ⅲཟིན་པའམ་ཡང་ན་དེ་ལས་ལེགས་པ)བསྡུར་ཚད་སྤྱིའི་ཆ་ནས་70%ཡན་ཟིན་པ་དང་། 2030ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་གཙོ་གནད་འབབ་རྒྱུད་ཆེན་པོ་བདུན་གྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་སྤྱིའི་ཆ་ནས་75%ཡན་ཟིན་པར་བྱ་རྒྱུ་རེད།
—— ཧྥ་རན་སེའི《བྲག་ཅའི་ཚགས་པར》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།