དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁྲེང་ཏུའུ་ཡིས་མཚན་མོའི་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་དར་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-13


    འདི་ནི་ཁྲེང་ཏུའི་ཅའོ་ཙི་ལམ་ཆེན་གྱི་ཚོང་སྐོར་ཡིན་པ(མི་མེད་གནམ་གྲུས་པར་བླངས) (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཁུན་གྱིས་པར་བླངས)

    པེ་ཅིང་དང་ཧྲང་ཧའེ་སོགས་རིམ་པ་དང་པོའི་གྲོང་ཁྱེར་དང་བསྡུར་ན་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྣང་བ་དེ་བས་སྐྱིད་པར་བརྟེན་ཉེ་བའི་ལོ་ཤས་རིང་གཞོན་ནུ་ཚོའི་དགའ་བསུ་ཐོབ་བཞིན་ཡོད། ས་གནས་སྲིད་གཞུང་གིས་གྲོང་མི་ཚོའི་ལས་ཀ་གྲོལ་རྗེས་སྤྲོ་གསེང་དང་ཉོ་སྒྲུབ་སོགས་ཀྱི་དགོས་མཁོ་རྒྱ་སྐྱེད་ཐབས་འཚོལ་ཞིབ་བྱས་ལ། ཁྲེང་ཏུའུ་གྲོང་ཁྱེར་སྲིད་གཞུང་གིས་མཚན་མོའི་འཛད་སྤྱོད་དང་དོམ་ཁྲའི་འབྲེལ་ཡོད་ཐོན་ལས་སོགས་དར་བར་བྱེད་པ་དེ་སྲིད་ཇུས་ཀྱི་དམིགས་ཚད་ནང་བཅུག་ཡོད།

    ཁྲེང་ཏུའི་ཆུ་ཐོག་གྲུ་གཟིངས་རྣམ་གྲངས་ཀྱིས་མཚན་ལྗོངས་ལ་མྱོང་རོལ་བྱེད་པའི་སྤྲོ་གསེང་ཁུལ་བཏོད་པ་དང་། ད་ལོ་ནས་བཟུང་མཚན་མོའི་སྤྲོ་གསེང་གི་ལམ་ཐག་སྤྱི་ལེ་20བར་རིང་དུ་བཏང་ནས་དེ་སྔ་ལས་ལྡབ་གཅིག་ཙམ་རིང་དུ་ཕྱིན་ཡོད། སྲིད་གཞུང་གི་སྐུལ་ལྕག་འོག་ཚོང་ཁང་གི་ཕྱི་རོལ་དུ་གསོལ་ལྕོག་སྒྲིག་མཁན་གྱི་བཟའ་བཏུང་ཁང་ཅུང་མང་དུ་ཕྱིན་ཞིང་། གྲོང་འདབས་སུ་ཚོང་ཁང་གསར་པའང་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་ཡོད།

    ཁྲེང་ཏུའུ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར་8887ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་5.9%འཕར་ཡོད། བལྟོས་མེད་ཀྱི་དངུལ་གྲངས་པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་ལས་དམའ་བ་ཡོད་ཀྱང་འཕར་ཚད་ཐད་ཁྲེང་ཏུའུ་ཡི་ལེགས་ཆ་དེ་བས་མངོན་གསལ་དོད་པོ་ཡོད། དེའི་ནང་མཚན་མོའི་འཛད་སྤྱོད་ཀྱིས་ནུས་པ་ངེས་ཅན་ཐོན་ཡོད་སྲིད།

    —— 《རི་པིན་དཔལ་འབྱོར་གསར་འགྱུར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།