དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གཞུང་ལམ་ལས་གྲྭས“ཉ་བརྟེན་ཆུ་སྲུང”ཐོག་མར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའིི་ཚགས་པར།   |     སྤེལ་དུས།  2025-07-13

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་G338ཧའེ་ཤིན་ནས་ཐེན་ཅུན་བར་གྱི་གཞུང་ལམ་གྱི་རེ་ཧྲུའེ་ནས་ཅང་ཚང་དུམ་བུའི་བསྐྱར་སྐྲུན་ལས་གྲྭ་K51+800ཏ་ཐུང་གཙང་པོའི་བྱང་ངོགས་ཀྱི་ཆུ་ཁོངས་སུ“རྒྱལ་ལམ་ངོགས་སུ་ཉ་མོ་ཅི་དགར་འཁྱུག ཆུ་ལ་བརྟེན་ནས་སྐྱེ་ཁམས་ལམ་བུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐྱེ་ཁམས་ཉམས་གསོའི་བྱ་སྤྱོད་གལ་ཆེན་ཞིག་སྤེལ་འགོ་ཚུགས་པ་རེད།

    G338ཧའེ་ཤིན་ནས་ཐེན་ཅུན་བར་གྱི་གཞུང་ལམ་གྱི་རེ་ཧྲུའེ་ནས་ཅང་ཚང་དུམ་བུའི་བསྐྱར་སྐྲུན་ལས་གྲྭའི་རྣམ་གྲངས་དེར་ཁྱོན་རིང་ཚད་སྤྱི་ལེ་102.056ཟིན་པ་དང་རྣམ་གྲངས་དེ་ཏ་ཐུང་གཙང་པོའི་ཆུ་རྒྱུད་དང་ཐག་ཉེ་པོ་ཡོད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཏ་ཐུང་གཙང་པོའི་དམིགས་བསལ་ཉ་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱ་ཆེད། མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུས་ཀྱིས་ལས་གྲྭ་འཛུགས་སྐྲུན་ཚན་པས་ཉ་ལས་ཐོན་ཁུངས་ལ་གྱོང་གུན་ཕོག་པར་ཁ་གཏད་གཅོག་པའི་དགོས་ངེས་ཀྱི་གསབ་བཅོས་བྱེད་ཐབས་སྤྱད་དེ། ཉ་ལས་ཐོན་ཁུངས་ལ་ཚོད་སྐོར་བྱས་ཏེ་གྱོང་གུན་ཕོག་པར་དཔལ་འབྱོར་གྱི་ཁ་གསབ་སྤྲོད་པ་དང་ཉ་ལས་ཐོན་ཁུངས་ཀྱི་ཁ་གསབ་གྲོན་དངུལ་ཁོར་ཡུག་སྲུང་སྐྱོང་གི་མ་འཇོག་ནང་འཇུག་པ་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ཀྱི་ཞིབ་ཕྲའི་བླང་བྱ་གཞིར་བཟུང་། གཞུང་ལམ་ལས་གྲྭའི་རྣམ་གྲངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལི་ཡུས་ཉ་ཁྲ་སོགས་སྐྱེ་འཕེལ་གློད་གཏོང་ཉ་རིགས་སུ་བརྩིས་ཡོད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་དང་ལས་མཇུག་འགྲིལ་རྗེས། དོན་དངོས་གནས་ཚུལ་ལ་གཞིགས་ནས་ཁག་སོ་སོར་སྐྱེ་འཕེལ་གློད་གཏོང་བྱས་ཏེ་ཆུ་ཁོངས་ཀྱི་སྐྱེ་ཁམས་འཁོར་འབྲེལ་ཉམས་གསོ་བྱེད་བཞིན་ཡོད། བྱ་སྤྱོད་རབ་དང་རིམ་པ་སྤེལ་བའི་དམིགས་ཡུལ་ནི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་ཉ་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།