སི་ཁྲོན་ཧུང་ཡོན་གྱི་མཛེས་སྡུག་ལྟ་བས་མི་ངོམ་པའི་དབྱར་གཞུང་གི་རྩྭ་ཐང་།
ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་དུ་གང་སར་སྔོ་མདངས་རབ་ཏུ་རྒྱས་ཤིང་། དགུང་སྔོན་སྤྲིན་དཀར་འོག་གི་གྲོང་སྡེ་དང་མུ་མཐའ་མི་མངོན་པའི་རྩྭ་ཐང་ཕན་ཚུན་གཅིག་ལ་གཅིག་གིས་བརྒྱན་ཏེ་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡོད། ཧུང་ཡོན་ནི“དམར་དམག་རྒྱང་སྐྱོད་སྐབས་བརྒྱུད་མྱོང་བའི་རྩྭ་ཐང་ཆེན་པོ”ཞིག་ཡིན་པ་དང་། “འཛམ་གླིང་ཡང་རྩེའི”མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད། དེས་མ་ཚད་དེ་གར་རྨ་ཆུ་དང་འབྲི་ཆུའི་ཆུ་རྒྱུད་ཆེན་པོ་གཉིས་འབབ་ཀྱིན་ཡོད་པས། དེ་ནི་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གསབ་ས་གལ་ཆེན་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།