དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མཐའ་མཚམས་སློབ་གསོ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཚའོ་ཡུས།   |     སྤེལ་དུས།  2025-07-13

    མཉམ་འདྲེས་དང་མཐུན་རྐྱེན་སྦྱར་ནས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ཏེ་ས་ཁོངས་དང་། ཐོན་ཁུངས། ལམ་སྲོལ་སོགས་ཀྱི་ཚོད་འཛིན་མེད་པར་བཟོ་དགོས།

    “རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བ། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་རང་ནུས་ཧུར་ཐག་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་པར་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད”ཅེས་ཡུན་རིང་མ་སོང་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་ཁེ་ཙེ་ལེ་སུའུ་ཁོར་ཁེ་ཙི་རང་སྐྱོང་ཀྲོའུ་ཨ་ཐུའུ་ཧྲི་གྲོང་ཁྱེར་ཧ་ལཱ་ཅུན་ཤང་ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུའི་རུ་ཁག་གི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཐུགས་རེ་ཟབ་མོ་བཅོལ་ཡོད།

    ཞེ་དབྱི་ཐེ་སློབ་ཆུང་ནི་མཐའ་མཚམས་དང་བར་ཐག་སྤྱི་ལེ་47ཡོད་པ་དང་གཙོ་བོ་ཁོར་ཁེ་ཙི་རིགས་ཀྱི་སློབ་མ་ལས་གྲུབ་པའི་གྲོང་ཚོ་རིམ་པའི་སློབ་ཆུང་ཞིག་ཡིན་ཞིང་། 2022ལོའི་ཟླ་8པར་ཁེ་ཀྲོའུ་ཡི་ནུབ་རྒྱུད་འཆར་གཞིའི་དང་བླངས་པས་སློབ་གྲྭ་འགན་གཙང་བླངས་ནས་སློབ་སྐྱོར་བྱེད་པའི་ཚོད་ལྟའི་སློབ་གྲྭ་དང་པོར་གྱུར་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་ཏང་གི་འབོད་སྐུལ་ལ་བརྡ་ལན་ཞུས་ནས་ནུབ་རྒྱུད་མཐའ་མཚམས་ས་ཁུལ་དུ་སློབ་ཁྲིད་མི་སྐྱོང་བྱས་ཏེ། ས་གནས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། མཐའ་དར་དམངས་ཕྱུག་དང་མཐའ་བརྟན་མཐའ་སྲུང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ལ། རང་ཉིད་ལའང་སྦྱོང་བརྡར་ཐེབས་པ་དང་འཚར་ལོངས་བྱུང་ཡོད། དེའི་ཐོག་ནས་མཐའ་མཚམས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དེ་ནི་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་རྨང་གཞིའི་འདུ་འགོད་ཅིག་ཡིན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་འཐབ་ཇུས་བྱ་ཐབས་ཤིག་ཀྱང་ཡིན་པ་མི་རྣམས་ཀྱིས་ཟབ་མོ་ཚོར་ཡོད།

    མཉམ་འདྲེས་དང་མཐུན་རྐྱེན་སྦྱོར་བར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས་ཏེ་ཁུལ་ཁོངས་དང་། ཐོན་ཁུངས། ལམ་སྲོལ་སོགས་ཀྱི་ཚོད་འཛིན་མེད་པར་བཟོ་བར། ཁུལ་ཁོངས་ཀྱི་སློབ་གསོའི་དབར་གྱི་མཐུན་སྦྱོར་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ད་དུང་གྲངས་འཛིན་ལག་རྩལ“མཉམ་འདྲེས་གཏིང་ཟབ་བྱ་རྒྱུར”སྐུལ་འདེད་གཏོང་དགོས། དེའི་ཐད་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དང་ལེའོ་ཉིང་ཞིང་ཆེན་གྱིས་ལག་གདང་སྦྲེལ་ནས་རིག་ལྡན་སློབ་གསོའི“མྱུར་བགྲོད་ལམ”བསྐྲུན་ནས་སྤུས་ལེགས་ཐོན་ཁུངས་ས་མཐོའི་ཐག་རིང་ས་ཁུལ་གྱི་སློབ་ཚན་ལ་ཐད་ཀར་སྤྱད་ཡོད། འཚོལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འདྲེས་དང་མཐུན་རྐྱེན་སྦྱོར་བའི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ཚེ། མཐའ་མཚམས་སློབ་གསོ་ཚུད་པའི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ།

    “སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི”གཅིག་མཐུན་ཚོགས་པའི་འདུ་ཤེས་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་དགོས། ནང་སོག་ཏར་ཧན་མའོ་མིང་ཨན་མཉམ་འབྲེལ་ཆི་རུ“གསར་བརྗེའི་སློབ་ཚན”ཁྲིད་དེ“རྩྭ་ཐང་རྟ་དམག”གི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་སོག་རིགས་དང་རྒྱ་རིགས་ཀྱི་སློབ་མ་སྒྲིག་འཛུགས་བྱས་ནས“མཐའ་མཚམས་ཀྱི་མི་རིགས་མཉམ་འདྲེས་ཀྱི་རྣམ་པ་མཚོན་པའི་རི་མོ”མཉམ་དུ་བྲིས་ཡོད། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བའི་ལག་ལེན་ཁྲོད། མཐའ་མཚམས་ཁུལ་ཁོངས་ཀྱི་རིག་གནས་ཐོན་ཁུངས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་སློབ་གསོ་ཟུང་འབྲེལ་བྱེད་པ་དེ“ང་ཀྲུང་ཧྭ་ལ་དགའ་བའི་ས་བོན་ཕྲུ་གུ་ཚང་མའི་སེམས་གཏིང་དུ་འདེབས་པར”ཕན་ཐོགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།