དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཐེན་ཧྭ་སོགས་གློག་བརྙན་སྒྱུ་རྩལ་པ་8ལ་འཕྲིན་ལན་སྤྲིངས་ནས་ནན་བཤད་གནང་དོན།

    རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་འཚོ་བའི་ཞིང་ས་གཤིན་པོར་རྩ་བ་ཚུགས་ནས་དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་གླུ་འབུལ་བ་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-13

    འཕྲིན་ལན།

    ཐེན་ཧྭ་སོགས་བློ་མཐུན་8ལ།

    ཚང་མའི་འཕྲིན་ཡིག་མཐོང་རྗེས། ཁྱེད་ཚོས་གསར་རྩོམ་ནང་ཞུགས་པའི་རྒྱུས་མངའ་ཤིན་ཏུ་ཆེ་བའི་གློག་བརྙན་རྩེ་གྲ་དེ་དག་ཡིད་ལ་ལྷང་ངེར་དྲན་བྱུང་། དུས་ཡུན་རིང་པོའི་ནང་། ཁྱེད་ཚོས་ཏང་དང་མི་དམངས་ལ་དགའ་ཞེན་དང་སྒྱུ་རྩལ་གྱི་ཕུགས་བསམ་བརྟན་པོར་བསྲུངས་ནས། གསོན་ཉམས་དོད་པའི་གློག་བརྙན་ནང་གི་གཟུགས་བརྙན་མང་དག་ཅིག་བཏོད་དེ་ལྟད་མོ་བ་མི་རབས་ཁ་ཤས་ལ་དྲན་འཆར་ཟབ་མོ་བཞག་ཡོད།

    རྒྱང་ལམ་གསར་པར་ཁྱེད་ཚོས་ཀུན་སྤྱོད་ལ་བརྩི་མཐོང་དང་སྒྱུ་རྩལ་ལ་དད་ཞེན་བྱེད་པའི་ཐད་མུ་མཐུད་མིག་དཔེ་བཏོན་ནས་རྒྱ་ཆེའི་གློག་བརྙན་ལས་དོན་པར་སྐུལ་ཁྲིད་ཀྱིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་འཚོ་བའི་ཞིང་ས་གཤིན་པོར་རྩ་བ་ཚུགས་ནས་དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་གླུ་འབུལ་བ་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་ཧུར་ཐག་གིས་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་ནས།

    2025ལོའི་ཟླ་7ཚེས་10ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་11ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཐེན་ཧྭ་སོགས་སྒྱུ་རྩལ་པ་8ལ་འཕྲིན་ལན་སྤྲིངས་ཏེ་གློག་བརྙན་ལས་དོན་པར་ཐུགས་རེ་ཟབ་མོ་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ཚང་མའི་འཕྲིན་ཡིག་མཐོང་རྗེས། ཁྱེད་ཚོས་གསར་རྩོམ་ནང་ཞུགས་པའི་རྒྱུས་མངའ་ཤིན་ཏུ་ཆེ་བའི་གློག་བརྙན་རྩེ་གྲ་དེ་དག་ཡིད་ལ་ལྷང་ངེར་དྲན་བྱུང་། དུས་ཡུན་རིང་པོའི་ནང་། ཁྱེད་ཚོས་ཏང་དང་མི་དམངས་ལ་དགའ་ཞེན་དང་སྒྱུ་རྩལ་གྱི་ཕུགས་བསམ་བརྟན་པོར་བསྲུངས་ནས། གསོན་ཉམས་དོད་པའི་གློག་བརྙན་ནང་གི་གཟུགས་བརྙན་མང་དག་ཅིག་བཏོད་དེ་ལྟད་མོ་བ་མི་རབས་ཁ་ཤས་ལ་དྲན་འཆར་ཟབ་མོ་བཞག་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་ཁྱེད་ཚོས་ཀུན་སྤྱོད་ལ་བརྩི་མཐོང་དང་སྒྱུ་རྩལ་ལ་དད་ཞེན་བྱེད་པའི་ཐད་མུ་མཐུད་མིག་དཔེ་བཏོན་ནས་རྒྱ་ཆེའི་གློག་བརྙན་ལས་དོན་པར་སྐུལ་ཁྲིད་ཀྱིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་འཚོ་བའི་ཞིང་ས་གཤིན་པོར་རྩ་བ་ཚུགས་ནས་དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་གླུ་འབུལ་བ་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་ཧུར་ཐག་གིས་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

    ཉེ་ཆར། ཐེན་ཧྭ་དང་། ཝང་ཤིན་ཀང་། ཀྲང་ལེང་། ཐའོ་ཡུས་ལིང་། ཤའོ་ཀུའེ་ཡུན། ཕན་ཧུང་། སུང་ཞའོ་དབྱིན། ཁྲེན་ཏའོ་མིང་བཅས་གློག་བརྙན་སྒྱུ་རྩལ་པ་8ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་ཁོང་ཚོས་ལོ་བཅུ་གྲངས་ཁ་ཤས་ནང་གློག་བརྙན་ལས་དོན་ནང་ཞུགས་པའི་གནས་ཚུལ་དང་མྱོང་ཚོར་སྙན་སེང་ཞུས་ནས་གློག་བརྙན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།