དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་མངའ་རིས་ས་ཁུལ་རྩ་མདའ་རྫོང་གིས།

    “སྤྱོད་གཙང་གིས་སྲོལ་བཟང་སྤེལ། བདེན་གཙང་གིས་རྩ་མདའ་དར”ཞེས་པའི་ཡིག་རིས་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-12

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མངའ་རིས་ས་ཁུལ་རྩ་མདའ་རྫོང་ཨུད་དྲིལ་བསྒྲགས་པུའུ(ཤེས་དཔལ་གཞུང་ལས་ཁང)ཡིས“སྤྱོད་གཙང་གིས་བཟང་སྲོལ་སྤེལ། བདེན་གཙང་གིས་རྩ་མདའ་དར”ཞེས་པའི་ཡིག་རིས་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་ཞིང་། དེའི་ནང་རྫོང་ཡོངས་ཀྱི་ལས་རིགས་ཁག་གི་མི་སྣའི་ཡིད་དབང་བཀུག་ནས་དོ་ཁུར་རྒྱ་ཁྱབ་བྱུང་བ་དང་ཧུར་ཐག་ཞུགས་ཡོད་པ་རེད།

    ཡིག་རིས་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་། རྫོང་དེའི་མི་རིགས་ཁག་གི་ཏང་ཡོན་ལས་བྱེད་པ་དང་། ཞིང་འབྲོག་མང་ཚོགས། གཞོན་ནུ་ལོ་ཆུང་སློབ་མ། དེ་བཞིན་ཡིག་རིས་ལ་དགའ་པོ་བྱེད་མཁན་མང་པོས་ལག་ཏུ་སྨྱུ་གུ་བཟུང་སྟེ་སྤྱོད་གཙང་གི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་བློ་རྩེ་གཅིག་སྒྲིམ་ངང་གསར་རྩོམ་བྱས་ཤིང་། བྱེད་སྒོའི་ནང་དྲང་ནུས་ཀྱིས་ཕྱུག་པའི་བརྩམས་ཆོས་ཁྱོན་50ལྷག་ཙམ་བསྡུ་རུབ་བྱས་པ་དང་དེ་དག་གི་ཉམས་འགྱུར་ཁྱད་དུ་འཕགས་ལ་རང་རང་གི་ཁྱད་ཆོས་ལྡན་པའི་ཁར་ཡིག་གཟུགས་ལ་སྟོབས་ཤུགས་ལྡན་ལ་རི་མོའི་ནང་དོན་ཟབ་པས། སྲིད་གཙང་གི་འདུ་ཤེས་དང་སྒྱུ་རྩལ་གྱི་མཛེས་ཚོར་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྤྱོད་གཙང་རིག་གནས་ཐད་ཀྱི་གསར་རྩོམ་བྱེད་མཁན་གྱི་གོ་བ་ཟབ་མོ་དང་འགྲེལ་བཤད་རྩེར་སོན་མངོན་པར་མཚོན་ཡོད་པ་རེད།

    བྱེད་སྒོའི་ཆེད་ལས་རང་བཞིན་དང་དྲང་གཞག་རང་བཞིན་འགན་ལེན་བྱ་ཆེད། བྱེད་སྒོའི་ནང་ཡིག་རིས་ཀྱི་དཔྱད་འདེམས་པ་གདན་འདྲེན་ཞུས་ནས་སྒྱུ་རྩལ་གྱི་ཆུ་ཚད་དང་། བརྗོད་དོན་གཙོ་བོའི་མཚོན་སྟངས། གསར་གཏོད་བློ་གསར་སོགས་ཕྱོགས་མང་པོ་ནས་འགྲན་ཞུགས་བརྩམས་ཆོས་ཡོངས་ལ་སྐར་མ་བརྒྱབ་ནས་དཔྱད་འདེམས་གཟབ་ནན་བྱས་ཤིང་། གཟབ་ནན་ཞིབ་ཚགས་ཀྱི་དཔྱད་ཞིབ་བརྒྱུད་མཐར་བརྩམས་ཆོས་རྩེ་གྲ་40ཙམ་གཟེངས་སུ་ཐོན་པ་མ་ཟད། ད་རེས་ཀྱི་ཡིག་རིས་འགྲེམས་སྟོན་ལ་ལྟད་མོ་བར་ཡིད་དབང་འཕྲོག་པའི་སྤྱོད་གཙང་རིག་གནས་སྒྱུ་རྩལ་གྱི་དགའ་སྟོན་ཞིག་ཀྱང་བཤམས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་ཡིག་རིས་འགྲེམས་སྟོན་ནི་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག་ཡིན་པ་མ་ཟད། སྤྱོད་གཙང་རིག་གནས་དང་སྲོལ་རྒྱུན་སྒྱུ་རྩལ་མཉམ་འདྲེས་གཏིང་ཟབ་ཀྱི་གསར་གཏོད་འཚོལ་ཞིབ་ཅིག་དེ་བས་ཀྱང་རེད། དེ་ནི་རྩ་མདའ་རྫོང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཟབ་ཏུ་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། དེས་སྒྱུ་རྩལ་གྱི་མཛེས་པར་བརྟེན་ནས“སྤྱོད་གཙང”གི་ནང་དོན་ཟབ་མོ་འགྲེལ་བ་དང་། རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས“དྭངས་གཙང”གི་བསམ་པའི་གཤིས་རྒྱུད་སྐྱེད་སྲིང་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྒྱུ་རྩལ་བརྩམས་ཆོས་ལ་མྱོང་རོལ་བྱེད་པ་དང་དུས་མཚུངས་སུ་སྤྱོད་གཙང་རིག་གནས་ཀྱི་བག་ཆགས་བཟང་པོ་ཐེབས་པར་བྱས་ནས་རྫོང་དེ་ཡོངས་སུ་སྤྱོད་གཙང་རུལ་འགོག་གི་ཁོར་ཡུག་ཅིག་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།