དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་མཚོ་སྔོན་དུ་2025ལོའི“ཤེས་དཔལ་ཀྲུང་གོའི”བརྗོད་དོན་གཙོ་བོའི་བཅར་འདྲི་འཕྲིན་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-12

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་9ཉིན། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རུ་2025ལོའི“ཤེས་དཔལ་ཀྲུང་གོའི”བརྗོད་དོན་གཙོ་བོའི་བཅར་འདྲི་འཕྲིན་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་འབྲེལ། “ཤེས་དཔལ་ཀྲུང་གོ མཚོ་སྔོན་ལ་ལྟ་བའི”དཔེ་མཚོན་དཔེ་གཞིའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    བྱེད་སྒོ་དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་གྲུབ་འབྲས་གསར་པ་གསོན་ཉམས་དོད་པོས་མཚོན་པར་བྱ་རྒྱུ་དེ་ཡིན། གསར་འགོད་པས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས། ཕྱོགས་མང་པོ་དང་། འཇུག་སྒོ་ཆུང་བ། བརྒྱུད་རིམ་ལྡན་པ་བཅས་ཀྱི་བཅར་འདྲི་བརྒྱུད། ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱེད་པའི་ཚ་རླབས་མངོན་པ་དང་། ཤེས་དཔལ་སྐྱེད་སྲིང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་འཛུགས་གཏོད་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་མཉམ་འདྲེས་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་དར་སྲོལ་དགེ་བརྩོན་ཡར་ཐོན་ཡོང་བའི་གསོན་ཉམས་དོད་པའི་རྣམ་པ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར“ཤེས་དཔལ་ཀྲུང་གོའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་འཕྲིན་སྤེལ་ཐེངས་དང་པོ་སྤེལ་ཚུན། ད་བར་དུས་ཚིགས་གསུམ་བསྟུད་མར་སྤེལ་ཡོད། ད་ཐེངས་ཀྱི་བྱེད་སྒོས་འཕྲིན་སྤེལ་བྱེད་སྟངས་གསར་གཏོད་དང་། སྔོན་ཐོན་ལག་རྩལ་མཉམ་འདྲེས། དཔེ་མཚོན་གཅིག་སྡུད་ཡོངས་བསྒྲགས་བཅས་བྱས་ནས། ཡུལ་སྲོལ་བཟང་བའི་མུ་འབྲེལ་འདྲི་གླེང་དང“དྲ་ཐོག་ནས་ཤེས་དཔལ་གྱི་ཀྲུང་གོར་ལྟ་བའི”གྲོང་གསེབ་ཀྱི་ཐད་གཏོང་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་འབྲེལ། མཉམ་འདྲེས་སྨྱན་སྦྱོར་གྱི་ཆེད་དོན་དང་ཆེད་བསྒྲིགས་ལེ་ཚན་བརྒྱུད་གཅིག་སྡུད་འཕྲིན་སྤེལ་བྱས་ཡོད། ས་ཚིགས་དང་པོའི་མཚོ་སྔོན་གྱི་འཕྲིན་སྤེལ་བྱེད་སྒོ་མཇུག་འགྲིལ་རྗེས་བཅར་འདྲི་ཚོགས་ཆུང་ཁག་དབྱེ་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་བསྐྱོད་དེ་ད་ལོའི་ཟླ་11པའི་ཟླ་མཇུག་བར་མུ་མཐུད་འཕྲིན་སྤེལ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།