ཁམ་ཕུ་ཁྲེའི་ཅུས་ཅིང་མེ་ཀུང་གཙང་པོའི་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་ངང་མཐུད་པ།
ཉེ་ཆར། ཧྲང་ཧའེ་འཛུགས་སྐྲུན་བཟོ་ལས་ཚོགས་པས་སྐྲུན་འགན་ཁུར་བའི་ཁམ་ཕུ་ཁྲེའི་ཅུས་ཅིང་མེ་ཀུང་གཙང་པོའི་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་ངང་མཐུད་པ་རེད། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་འཕེལ་རྒྱས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་གཅིག་ལྕོགས་སུན་ཀྲན་ཐུའོ་ཡིས་ཟམ་སྣེ་མཐུད་པའི་མཛད་སྒོ་གཙོ་སྐྱོང་བྱས་པ་དང་། སྤྱི་པའི་ལས་གྲྭ་དང་སྐྱེལ་འདྲེན་པུའི་བློན་ཆེན་པིན་པོ་ཉི་སོགས་ཁམ་ཕུ་ཁྲེའི་དཔོན་རིགས་དང་དེ་བཞིན་ཀྲུང་གོའི་མ་རྩ་འཇོག་མཁན་ཁེ་ལས་ཀྱི་འཐུས་མི་དང་ས་གནས་དེ་གའི་དམངས་ཚོགས་ལས་ཡུལ་དངོས་ཀྱི་་མཛད་སྒོར་ལྟ་བར་འོང་ཡོད།
འབྲེལ་ཡོད་གསར་འགྱུར།