དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཚན་རྩལ་མཉམ་ལས་ལྟེ་གནས་ཧང་ཀྲོའུ་རུ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-12

     ཚེས་9ཉིན་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཚན་རྩལ་མཉམ་ལས་ལྟེ་གནས་ཧང་ཀྲོའུ་རུ་ཡོད་པའི་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་དང་པོ(ཀྲེ་ཅང་སློབ་ཆེན་སྨན་ཁང་དང་པོ)རུ་སྐྲུན་འགོ་ཚུགས་ཤིང་། ཀྲུང་གོ་དང་། ཨེ་ཅིབ། ཅོར་ཏན། ཨར་ཅི་རི་ཡ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་དེ་བཞིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་བཅས་ནས་འོང་བའི་འཐུས་མི་མཛད་སྒོར་ཞུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་ཀྱིས་ཀྲེ་ཅང་སློབ་ཆེན་སྨན་ཁང་དང་པོའི་སྤྱི་པའི་འཕྲོད་བསྟེན་རིག་ཚན་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་འཕྲོད་བསྟེན་ཤེས་ལྡན་པ་གསོ་སྐྱོང་དང་། འཕྲོད་བསྟེན་སྨན་བཅོས་མཉམ་ལས། འཕྲོད་བརྟེན་ཚན་རྩལ་མཉམ་ལས་བཅས་གཞི་གཅིག་ཏུ་འདུས་པའི“སྤྱི་པའི་འཕྲོད་བསྟེན་མཉམ་ལས་ཀྱི་མ་ལག་ཆེན་པོ་གསུམ”ཧུར་ཐག་བཏོད་ནས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་དང་། ལག་རྩལ། སྒྲིག་ཆས་ཚན་ཞིབ། གཞན་སྒྱུར་སོགས་ཐད་ཀྱི་ཕྱོགས་གཉིས་པོའི་སྤེལ་རེས་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།