ལ་ཏིང་མེ་གླིང་གི་དཔལ་འབྱོར་དངོས་ཚན་ཆེན་པོ་དྲུག་གི་དམངས་ཚོགས་ཀྱིས་ཀྲུང་གོར་དགའ་པོ་བྱེད་ཚད་སྔར་བས་ཆེ་རུ་ཕྱིན་པ།
“ལ་ཏིང་མེ་གླིང་གི་འཕར་རྩ”ཞེས་པའི་དམངས་འདོད་ཀྱི་བརྟག་དཔྱད་སྙན་ཞུ་ལས་མངོན་པར། པར་ཙིར་དང་། མོ་ཞི་ཁོ། ཨ་ཀེན་ཐིན། ཁོ་ལོམ་པི་ཡ། ཆི་ལི། ཕེ་རུ་བཅས་ལ་ཏིང་མེ་གླིང་གི་དཔལ་འབྱོར་དངོས་ཚན་ཆེན་པོ་དྲུག་གི་དམངས་ཚོགས་ཀྱིས་ཀྲུང་གོར་དགའ་པོ་བྱེད་ཚད་སྔར་བས་ཆེ་རུ་ཕྱིན་ཡོད། ཚེས་9ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཀྲུང་གོ་ནི་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་བློས་འགེལ་ཆོག་པ་དང་ཕན་པ་ལྡན་པའི་མ་དངུལ་ཡོང་ཁུངས་ཡིན་པ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་མཉམ་ལས་ལ་ལ་ཏིང་མེ་གླིང་ཕྱོགས་ཀྱི་དམངས་ཚོགས་ཀྱིས་ཁས་ལེན་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
མའོ་ཉིང་གིས“ཀྲུང་གོ་དང་ལ་ཏིང་མེ་གླིང་ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་གཏོང་བའི་ལས་དབང་གཅིག་མཐུན་ཚོགས་པར་གྱུར་ཡོད། དེའི་མངོན་གསལ་དོད་པའི་རྨང་གཞི་ནི་ཕན་ཚུན་ལྟ་སྟངས་འདྲ་མཉམ་འཛིན་པ་དེ་ཡིན་པ་དང་། སྒུལ་ཤུགས་སྟོབས་ཆེན་ནི་གཉིས་ཁེ་གཉིས་ཕན་ཡིན་པ། བློ་རྒྱ་དང་སྤྱོད་ལམ་ནི་སྒོ་དབྱེ་བསྟུན་མཁས་ཡིན་པ། རྩ་བའི་དོན་གཉེར་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན”ཞེས་བརྗོད་ཅིང་། དེ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་ལ་མི་དམངས་ཀྱི་བརྩི་བཀུར་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ཡང་རེད།
འབྲེལ་ཡོད་གསར་འགྱུར།