དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་དང་མཛའ་མཐུན་གྲོང་ཁྱེར་གྱི་གླེང་སྟེགས་འཚོགས་པ།

    —— དམངས་ཁྲོད་ཀྱི་མཛའ་བརྩེ་ཟབ་ཏུ་བཏང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧུའུ་ཅིང་དབྱི།   |     སྤེལ་དུས།  2025-07-12

    འདི་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་དང་མཛའ་མཐུན་གྲོང་ཁྱེར་གྱི་གླེང་སྟེགས་འཚོག་རིང་། ཚོགས་ཞུགས་འཐུས་མི་ཞིག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི“དགུང་སྔོན་གཅིག་གི་འོག”ཅེས་པའི་རྒྱལ་ཁབ་ཁག་གི་བྱིས་པའི་རི་མོའི་འགྲེམས་སྟོན་ལ་ལྟ་བཞིན་པ།

    ཉིན་ཤས་གོང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ལྷན་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོཌ། ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་དང་མཛའ་མཐུན་གྲོང་ཁྱེར་གྱི་གླེང་སྟེགས་ལེའོ་ཉིང་ཧྲེན་དབྱང་དུ་འཚོགས་པ་རེད། གླེང་སྟེགས་ཀྱིས“དམངས་ཁྲོད་ཀྱི་མཛའ་བརྩེ་ཟབ་ཏུ་བཏང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ཤིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཁག་གི་འཐུས་མི་400ཙམ་གྱིས་མཛའ་མཐུན་གྲོང་ཁྱེར་དབར་འགྲོ་འོང་དང་དཔལ་འབྱོར་ཚོང་དོན་མཉམ་ལས་དང་། གཞོན་ནུའི་ཚན་རྩལ་གསར་གཏོད། སྔོན་ཐོན་བཟོ་སྐྲུན། ཞི་བདེ་མཛའ་མཐུན་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།

    མཛའ་མཐུན་མཉམ་ལས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ།

    དམངས་ཁྲོད་ཀྱི་མཛའ་མཐུན་མཉམ་ལས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བའི་འབྲེལ་ཐག་ཅིག་རེད། ལོ་མང་འཕེལ་རྒྱས་སོང་བ་བརྒྱུད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་དང་མཛའ་མཐུན་གྲོང་ཁྱེར་གྱི་གླེང་སྟེགས་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མཛའ་མཐུན་རྩ་འཛུགས་དང་རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་གྱིས་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱེད་པ་དང་ཐུན་མོང་གི་ཁེ་ཕན་འཚོལ་ཞིབ་བྱེད་པའི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    གླེང་སྟེགས་འཚོག་རིང་། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་དམངས་ཁྲོད་འགྲོ་འོང་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བྱ་སྤྱོད་ཀྱི་ཐུན་མོང་ངོས་འཛིན》དང《2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་དང་མཛའ་མཐུན་གྲོང་ཁྱེར་གྱི་གླེང་སྟེགས་ཧྲེན་དབྱང་གི་གྲོས་འགོ》ཁྱབ་བསྒྲགས་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དབར་གྱི་དམངས་ཁྲོད་མཛའ་མཐུན་མཉམ་ལས་ལ་མཛུབ་ཁྲིད་གལ་ཆེན་མཁོ་འདོན་བྱས་ཡོད།

    དངོས་སྒྲུབ་མཉམ་ལས་ཀྱི་བར་མཐོངས་རྒྱ་སྐྱེད་པ།

    སྐབས་འདིའི་གླེང་སྟེགས་འཚོག་རིང་། མཉམ་ལས་ཀྱི་གྲུབ་འབྲས་མང་པོ་ཐོབ་ཡོད་དེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ལྷན་གྱིས་འབར་མའི་འཐབ་ཇུས་དང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་སུའོ་དང་མོང་གོལ་རྒྱལ་ཁབ་ཀྱི་ཞི་བདེ་མཛའ་མཐུན་རྩ་འཛུགས་དབར་གྱི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དམངས་ཁྲོད་ཕྱི་འབྲེལ་ལྟེ་གནས་དང་ཨུ་རུ་སུ་ཧྲིལ་པོའི་ས་གནས་རང་སྐྱོང་འཕེལ་རྒྱས་མཐུན་ཚོགས་དབར་གྱི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་རེད། གཞན་ཡང་ཀྲུང་གོའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་མང་པོ་ཞིག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་མཛའ་མཐུན་ཞིང་ཆེན་དང་། ཀྲོའུ། གྲོང་ཁྱེར་བཅས་ཀྱི་འབྲེལ་བའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

    གླེང་སྟེགས་འཚོག་རིང་། ད་དུང་མཛའ་མཐུན་གྲོང་ཁྱེར་དབར་འགྲོ་འོང་དང་དཔལ་འབྱོར་ཚོང་དོན་མཉམ་ལས་དང་། གཞོན་ནུའི་ཚན་རྩལ་གསར་གཏོད་དང་སྔོན་ཐོན་བཟོ་སྐྲུན། ཞི་བདེ་མཛའ་མཐུན་སོགས་གྲོས་གཞིར་དམིགས་ནས་རིམ་པ་གཅིག་པའི་ཡན་ལག་གླེང་སྟེགས་གསུམ་འཚོགས་པ་རེད།

    དམངས་ཁྲོད་ཀྱི་མཛའ་མཐུན་སྟོབས་ཤུགས་གཅིག་ཏུ་བསྡུ་བ།

    སྐབས་འདིའི་གླེང་སྟེགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི“དགུང་སྔོན་གཅིག་གི་འོག”ཅེས་པའི་རྒྱལ་ཁབ་ཁག་གི་བྱིས་པའི་རི་མོའི་འགྲེམས་སྟོན་ཟླ་7ཚེས་4ཉིན་འགོ་ཚུགས་ཤིང་། རི་མོའི་འགྲེམས་སྟོན་དེས་2025ལོའི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལོའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་13གྱི་བྱིས་པའི་རི་མོའི་བརྩམས་ཆོས་118འགྲེམས་སྟོན་བྱས་པ་རེད། རི་མོའི་བརྩམས་ཆོས་དག་གིས་སྣ་མང་རིག་གནས་དང་། འབྱུང་འགྱུར་ཚན་རྩལ། ལོ་ལེགས་ལ་རྟེན་འབྲེལ་ཞུ་བ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་། མཛེས་སྡུག་ལྡན་པའི་སའི་གོ་ལ། ཞི་བདེར་གཅེས་སྤྲས་བཅས་བརྗོད་དོན་གཙོ་བོ་དྲུག་ལ་དམིགས་ཤིང་། སྐད་ཡིག་དང་རྒྱལ་མཚམས་ཀྱི་ཚོད་འཛིན་མེད་པར་བཀྲག་མདངས་རབ་ཏུ་འཚེར་བའི་མི་ཆོས་རིག་གནས་ཀྱི་རི་མོའི་ཤོག་དྲིལ་ཞིག་གྲུབ་པ་དེ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ས་ཁོངས་མི་འདྲ་བའི་རིག་གནས་ཀྱི་ཁྱད་ཆོས་དང་། བྱིས་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་བསམ་བློ། དེ་བཞིན་ཞི་བདེ་དང་། འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་བསམ་གཞིགས་བཅས་ལེགས་པར་བྱས་པ་མངོན་ཡོད།

    འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་རེད། རི་མོའི་འགྲེམས་སྟོན་དེའི་ཞི་བདེར་གཅེས་སྤྲས་ཀྱི་བརྗོད་དོན་གཙོ་བོའི་ཁུལ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ནས་ཡོང་བའི་བྱིས་པ་རྣམས་ཀྱིས་ཞི་བདེའི་ཕུག་རོན་དང་ཤིང་སྐྱུ་རུའི་ཡལ་གར་བརྟེན་ནས་ཞི་བདེ་དང་མཛའ་མཐུན་ལ་ཡིད་སྨོན་དང་རེ་སྒུག་མཚོན་པར་བྱས་ཡོད། སྐབས་འདིའི་གླེང་སྟེགས་འཚོག་རིང་ད་དུང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་དམངས་ཁྲོད་མཛའ་མཐུན་སྤེལ་རེས་གྲུབ་འབྲས་འགྲེམས་སྟོན་དང་། དེ་བཞིན་ཚན་རྩལ་གསར་གཏོད་དང་སྔོན་ཐོན་བཟོ་སྐྲུན་གྲུབ་འབྲས་འགྲེམས་སྟོན་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།