དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་16གིས་མཉམ་དུ་2025ལོའི་དབྱར་གསེང་རིང་བྱིས་པར་གཅེས་སྐྱོང་དང་ཞབས་འདེགས་ཞུ་བའི་བྱེད་སྒོ་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-12

    ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་16གིས་བརྡ་ཐོ་བཀྲམ་ནས“ལོ་ཆུང་བྱིས་པའི་སེམས་པ་ཏང་ལ་ཕྱོགས། ལག་གདང་སྦྲེལ་ནས་འཚར་ལོངས་ཡོང་རོགས་བྱེད”ཅེས་པའི་2025ལོའི་དབྱར་གསེང་རིང་བྱིས་པར་གཅེས་སྐྱོང་དང་ཞབས་འདེགས་ཞུ་བའི་བྱེད་སྒོ་མཉམ་དུ་བཀོད་སྒྲིག་བྱས་པ་རེད།

    བརྡ་ཐོའི་ནང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བར་དམིགས་ཏེ། བརྗོད་དོན་གཙོ་བོ་ཁ་གསལ་བ་དང་རྣམ་པ་གསར་རྐྱང་གི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་ནས་བྱིས་པ་ཚོས་ཏང་ལ་དགའ་ཞིང་རྒྱལ་གཅེས་དང་། སློབ་སྦྱོང་ལ་བརྩོན་པ། ཕྱོཌ་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཆགས་རྒྱུ་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱེད་དགོས་པ་དང་། དབྱར་གསེང་རིང་ཕ་མ་དང་ཕྲུ་གུ་མཉམ་དུ་གཤིབ་པའི་གོ་སྐབས་དམ་འཛིན་བྱས་ཏེ་བྱ་ཐབས་སྣ་ཚོགས་བརྒྱུད་ཁྱིམ་ཚང་སློབ་གསོ་སྤེལ་རྒྱུར་མཛུབ་ཁྲིད་བྱེད་དགོས། སྡེ་ཁུལ་དུ་ཡོད་པའི་ཁྱིམ་བདག་གི་སློབ་གྲྭར་བརྟེན་ནས། དབྱར་གསེང་རིང་ཁྱིམ་ཚང་གི་སློབ་གསོའི་མཛུབ་ཁྲིད་སློབ་ཚན་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པ་དང་བྱིས་པའི་བྱེད་སྒོའི་ལྟེ་གནས་སོགས་སློབ་གྲྭའི་ཕྱི་རོལ་གྱི་གཡུལ་སར་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་ཁྱིམ་བདག་དང་ཕྲུ་གུ་མཉམ་དུ་དབྱར་གསེང་ལ་རོལ་ཐུབ་པ་བྱེད་དགོས་ལུགས་བསྟན་ཡོད།

    བརྡ་ཐོའི་ནང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་དབྱར་གསེང་རིང་བདེ་འཇགས་ཀྱི་ཉེན་ཁར་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། ལྷག་པར་དུ། ཆུར་བྱིང་བ་སོགས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་སླ་བ་དང་ཐོན་མང་བའི་གནད་དོན་ལ་དམིགས་ཏེ། སྔ་ས་ནས་སྔོན་འགོག་ཏན་ཏིག་གིས་བྱིས་པའི་གུང་གསེང་རིང་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།