པེ་ཅིང་གིས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཚུལ་མིན་བྱེད་སྤྱོད་རིགས་10ལ་བཅོས་སྒྲིག་བྱ་རྒྱུ་ཡིན་པ།
འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འགྲོ་སྐྱོད་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་ཆེད། པེ་ཅིང་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རྒྱལ་སའི་ཤེས་དཔལ་གཞུང་ལས་ཁང་སོགས་སྡེ་ཚན་དང་མཉམ་དུ་འཁོར་རིགས་གཏོང་སྐབས་ཁ་པར་རྒྱག་པ་དང་། མཉམ་གཤིབ་ངང་བསྐྱོད་དེ་འཁོར་ལམ་བཟུང་བ། སྒྲིག་འགལ་ངང་མི་སྣ་བསྐྱོན་པ་སོགས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཚུལ་མིན་བྱེད་སྤྱོད་རིགས་10ལ་བཅོས་སྒྲིག་བྱས་ཏེ་བདེ་འཇགས་དང་། གོ་རིམ། ཤེས་དཔལ་བཅས་ལྡན་པའི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་གཏོད་རྒྱུ་རེད།
བཅོས་སྒྲིག་བྱེད་རིང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལམ་ངོས་སུ་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ། བརྙན་ལམ་དང་པར་རིས་སོགས་སྤྱད་དེ་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཚུལ་མིན་བྱེད་སྤྱོད་ལ་ཞིབ་བཤེར་བྱ་རྒྱུ་དང་། འཁོར་རྟགས་བརྒྱུད་ཁྲིམས་ལས་འགལ་མཁན་གྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་མ་ཟད། ཕྱོགས་མང་མཉམ་འབྲེལ་གྱིས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་དཔེ་མཚོན་གྱི་ཁྲིམས་འགལ་གྱོད་དཔེ་དམར་འདོན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།