དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉི་ཧྲན་འཛམ་གླིང་ཤེས་དཔལ་གླེང་སྟེགས་སྐབས་བཅུ་གཅིག་པ་ཧྲན་ཏུང་ཆུས་ཧྥུའུ་རུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-12

    ཟླ་7ཚེས་9ཉིན། ཧྲན་ཏུང་ཆུས་ཧྥུའུ་རུ་ཉི་ཧྲན་འཛམ་གླིང་ཤེས་དཔལ་གླེང་སྟེགས་སྐབས་བཅུ་གཅིག་པ་འགོ་ཚུགས་ཤིང་། སྐབས་འདིའི་གླེང་སྟེགས་ཀྱིས“རང་གི་རྒྱན་གྱིས་རང་ཉིད་བརྒྱན། རྒྱན་ཐོག་རྒྱན་བརྩེགས་ཐམས་ཅད་མཛེས——ཤེས་དཔལ་དབར་གྱི་འབྲེལ་བ་དང་གོ་ལ་ཧྲིལ་པོའི་དེང་རབས་ཅན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དེའི་ཁོངས་སུ“ཤེས་དཔལ་གྱི་འབྱུང་ཁུངས་དང་མ་འོངས་པའི་འཕེལ་རྒྱས”དང“རུའུ་ལུགས་རིག་གནས་ཀྱི་འཛམ་གླིང་གི་དོན་སྙིང་དང་དུས་རབས་ཀྱི་རིན་ཐང”སོགས་ཡན་ལག་གྲོས་གཞི་6བཟོས་ཡོད། རྒྱལ་ཁབ་70ལྷག་ཙམ་ནས་ཡོང་བའི་སྐུ་མགྲོན་560ལྷག་ཙམ་ཉི་ཧྲན་རི་འདབས་སུ་འཛོམས་ནས་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་ཀྱི་ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་བརྗོད་གཞི་གསར་པར་སྤེལ་རེས་བྱས་པ་མ་ཟད། ཤེས་དཔལ་མི་འདྲ་བ་ཞི་མཐུན་མཉམ་གནས་དང་མཐུན་འགྲོགས་མཉམ་གནས་ཀྱི་ཐབས་ལམ་ལ་དཔྱད་བསྡུར་ཡང་བྱས་པ་རེད།

    འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཀྲའོ་རུའེ་ཡིས་ཤིས་ཚིག་ནང་། ང་ཚོས་ཤེས་དཔལ་འདྲ་མཉམ་རྒྱུན་འཁྱོངས་དང་། ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ལ་ཤུགས་སྣོན། ཤེས་དཔལ་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། ཤེས་དཔལ་གྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་དཔལ་མི་འདྲ་བའི་བློ་གྲོས་མཉམ་དུ་འཚོལ་ཞིབ་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་ཤེས་དཔལ་གྱི་འབྲེལ་བ་གསར་པ་འཛུགས་སྐྱོང་བྱེད་པར་ལྟ་བ་ཡང་དག་ལེགས་སྐྱེས་འབུལ་དགོས་ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། འཛམ་གླིང་རིག་གནས་ཤུལ་བཞག་གླེང་སྟེགས་དང་། དངུལ་རྩའི་རིག་གནས་གླེང་སྟེགས། ཆུའི་རིག་གནས་གླེང་སྟེགས་བཅས་མཉམ་མཚུངས་གླེང་སྟེགས་3ཐེངས་དང་པོར་གཉེར་ཞིང་། “འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས”དང“སྲོལ་རྒྱུན་རིག་གནས་དང་དེང་རབས་དངུལ་རྩ” “ཆུའི་རིག་གནས་དང་གོ་ལ་ཧྲིལ་པོའི་དེང་རབས་ཅན”སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་སྐད་ཆ་ཤོད་རེས་དང་སྤེལ་རེས་རྒྱ་ཁྱབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།