དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་རང་རྒྱལ་གྱིས་རྒྱལ་སྤྱིའི་མཁའ་འགྲུལ་གྱི་ཟོག་འདྲེན་མཁའ་ལམ་117མང་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-12

    ཉེ་ཆར། གསར་འགོད་པར་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་མཁའ་འགྲུལ་ཟོག་འགྲེམས་ཡན་ལག་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་འགྲུལ་གྱི་ཟོག་འདྲེན་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱིས་རྒྱལ་སྤྱིའི་མཁའ་འགྲུལ་གྱི་ཟོག་འདྲེན་མཁའ་ལམ་117མང་དུ་བཏང་བ་དང་གཟའ་འཁོར་རེར་ཕར་འགྲོ་ཚུར་འོང་བྱེད་མཁན་དུས་གཏན་གནམ་གྲུ་233ལྷག་ཙམ་མང་དུ་བཏང་བ་དེ་དུས་མཚུངས་ཀྱི་མཁའ་ལམ་གྲངས་འབོར་ལས་58.1%འཕར་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གནམ་གྲུ་འཕུར་ཡུལ་ཨེ་ཤེ་ཡ་དང་ཡོ་རོབ་གཙོ་བོར་བྱས་ཤིང་། མང་དུ་བཏང་བའི་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་117ཁྲོད་ཨེ་ཤེ་ཡའི་མཁའ་ལམ་54དང་། ཡོ་རོབ་ཀྱི་མཁའ་ལམ་45 མེ་གླིང་བྱང་མའི་མཁའ་ལམ་12 མེ་གླིང་ལྷོ་མ་དང་། རྒྱ་མཚོ་ཆེན་པོའི་གླིང་ཆེན། ཨ་ཧྥེ་རི་ཁ་བཅས་ལ་མཁའ་ལམ་2རེ་ཡོད་པ་རེད། དངོས་ཟོག་གྲུབ་ཆའི་ཐད་རྒྱལ་སྒྲོལ་དྲ་ཚོང་དངོས་ཟོག་དང་། དྲ་ཐོག་ཐོན་རྫས། རླངས་འཁོར་གྱི་ལྷུ་ལག འཕྲུལ་ཆས་དང་སྒྲིག་ཆས། སོས་ཉར་དངོས་ཟོག ཁྱད་ལྡན་ཞིང་ལས་ཐོན་རྫས། གྱོན་གོས་སོགས་གཙོ་བོ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།