དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲན་ཏུང་ཆིང་ཏའོ་གྲུ་ཁར་གྲུ་ལམ་བཅུ་གཅིག་གསར་དུ་བསྣན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-12

    ཆིང་ཏའོ་གྲུ་ཁས་གྲུ་ལམ་གྱི་དྲ་རྒྱའི་བཀོད་པ་རྒྱུན་མཐུད་ལེགས་སུ་གཏོང་ཆེད། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་ཧྲན་ཏུང་ཆིང་ཏའོ་གྲུ་ཁར་དོས་སྒམ་གྲུ་ལམ་11དང་། རྒྱལ་སྤྱིའི་བརྒྱུད་སྤྲོད་བགྲོད་ལམ་6 མཚོ་ཐོག་དང་ལྕགས་ལམ་མཉམ་འབྲེལ་གྱི་སྐྱེལ་འདྲེན་ལམ་ཐིག་5བཅས་གསར་དུ་བསྣན་པས། མིག་སྔར་མཚོ་ཐོག་སྐྱེལ་འདྲེན་གྱི་གྲུ་ལམ་བསྡོམས་འབོར་230ལྷག་ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་གྲུ་ཁ་གཙོ་བོ་700ལྷག་ཙམ་ལ་ཁྱབ་ཡོད།

    འདི་ནི་ཟླ་7ཚེས་8ཉིན། ཧྲན་ཏུང་ཆིང་ཏའོ་གྲུ་ཁའི་ཅའོ་ཀྲོའུ་མཚོ་ཁུག་གྲུ་ལམ་དུ་དོས་སྒམ་བླུགས་པའི་ཟོག་འདྲེན་གྲུ་གཟིངས་ཤིག་ཧྲན་ཏུང་ཆིང་ཏའོ་གྲུ་ཁར་དལ་བུར་འོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།