ད་ལོ་རང་རྒྱལ་གྱི་དབྱར་འབྲུར་ལོ་ལེགས་བྱུང་བ།
ཟླ་7ཚེས་10ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་རྒྱལ་ཡོངས་ཀྱི་དབྱར་འབྲུ་འདེབས་ཁྱོན་སྤྱིའི་ཆ་ནས་བརྟན་པོ་དང་། མུའུ་རེའི་ཐོན་འབབ་གཅིག་མཚུངས་ཡིན་ཞིང་། དབྱར་འབྲུའི་ཐོན་འབོར་ཏུན་ཁྲི་14973.8(རྒྱ་མ་དུང་ཕྱུར་2994.8)ཟིན་པ་དང་། དེའི་ནང་གྲོའི་ཐོན་འབབ་ཏུན་ཁྲི་13816.0(རྒྱ་མ་དུང་ཕྱུར་2763.2)ཟིན་ནས། རྒྱལ་ཡོངས་ཀྱི་དབྱར་འབྲུར་ཐོན་འབབ་བརྟན་པོ་དང་ལོ་ལེགས་བྱུང་ཡོད་པ་རེད།
འདི་ནི་ཉེ་ཆར་ཧོ་ནན་ཞིང་ཆེན་སན་མོན་ཞ་ལིང་པའོ་གྲོང་ཁྱེར་ཤིས་ཡན་ཤང་ཏུང་ཀུའུ་དབྱི་གྲོང་ཚོའི་ཡུལ་མིས་གྲོ་བསྡུ་བར་བྲེལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།