བོད་ལྗོངས་གསར་བརྗེ་དང་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་རྣམ་གྲངས་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་པ།
གསར་འགོད་པར་བོད་ལྗོངས་གསར་བརྗེ་དང་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་གལ་ཆེན་གྱི་རྣམ་གྲངས་ཡིན་པའི་བོད་ལྗོངས་གསར་བརྗེ་དང་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་བྱུང་ཞིང་། ཟླ་7ཚེས་9ཉིན་བར། ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་95%ཡན་ལེགས་གྲུབ་ཟིན་ནས་སྔོན་དཔག་བྱས་ན་ཟླ་7ཚེས་30ཉིན་ཕྱོགས་ཡོངས་ནས་རྩིས་སྤྲོད་རྩིས་ལེན་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གསར་བརྗེ་དང་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་2ཙམ་ཟིན་གྱི་ཡོད། དྲན་གསོ་ཁང་དེ་བསྐྲུན་རྗེས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར། དེང་རབས་ཅན་གྱི་འཛུགས་སྐྲུན་སོགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཅིག་སྡུད་མངོན་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་མ་ཟད། འགྲེམས་ཁང་དུ་ཆེད་མངགས་འགྲེལ་བཤད་རྒྱག་མཁན་བཀོད་སྒྲིག་བྱས་ནས་སྤྱི་དམངས་ལ་འགྲེལ་བཤད་ཡག་པོ་རྒྱག་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།