རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བར་ཕྱག་རྟགས་སུ་ཕུལ་བའི་གློག་བརྙན《སངས་རྒྱས་ཡེ་ཤེས》རྒྱལ་ཡོངས་སུ་ཡོངས་བསྒྲགས་ངང་སྟོན་པ་དང་བོད་ལྗོངས་སུ་ཐོག་མར་སྟོན་པ།
ཟླ་7ཚེས་10ཉིན་གྲགས་ཅན་གྱི་འཁྲབ་སྟོན་སྒྱུ་རྩལ་པ་དང་འཁྲབ་ཁྲིད་པ་ལིའུ་ཅིན་དང་ན་གཞོན་འཁྲབ་ཁྲིད་པ་དབྱི་ཞིས་མཉམ་དུ་འཁྲབ་ཁྲིད་བྱས་པའི་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་གློག་བརྙན《སངས་རྒྱས་ཡེ་ཤེས》རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་དངོས་སུ་སྟོན་པ་དང་འབྲེལ་བོད་ལྗོངས་ལྷ་སར་ཐོག་མར་སྟོན་པའི་མཛད་སྒོ་འཚོགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་གློག་བརྙན་ལྟ་བའི་བྱེད་སྒོར་ཞུགས་པ་རེད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བར་ཕྱག་རྟགས་སུ་ཕུལ་བའི་གློག་བརྙན《སངས་རྒྱས་ཡེ་ཤེས》ནི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དྲིལ་བསྒྲགས་པུའུ་དང་། ཀྲུང་གུང་སི་ཁྲོན་ཞིང་ཨུད་དྲིལ་བསྒྲགས་པུའུ། ཀྲུང་གུང་རྔ་བ་ཀྲོའུ་ཨུད། རྔ་བ་ཀྲོའུ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་འབེབས་བཟོ་བྱས་པའི་གསར་བརྗེའི་ལོ་རྒྱུས་གལ་ཆེན་མཚོན་པའི་གློག་བརྙན་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་7ཚེས་1ཉིན་ནས་བཟུང་གློག་བརྙན《སངས་རྒྱས་ཡེ་ཤེས》གསར་བཟོ་ཚོགས་པས་སྔ་རྗེས་སུ་པེ་ཅིང་དང་། ཁྲེང་ཏུའུ། ཁྲུང་ཆིང་། མེན་དབྱང་། ལྷ་ས་སོགས་སུ་ལམ་བར་འཁྲབ་སྟོན་དང་དྲིལ་བསྒྲགས་ངོ་སྤྲོད་བྱས་ཤིང་། གློག་བརྙན་ལ་བརྟེན་ནས་དད་སེམས་དང་བསམ་པའི་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཏེ། རླབས་ཆེན་གྱི་གསར་བརྗེའི་སྙིང་སྟོབས་དང་མི་རིགས་ཀྱི་སྙིང་སྟོབས་ལས་ས་གཞི་ཆེ་མོ་འདིར་དུས་རབས་གསར་པའི་འོད་ཟེར་འཕྲོ་ཐུབ་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།