དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྣམ་གླིང་རྫོང་གིས།

    “སྨན་བཅོས་འགན་བཅོལ་སྲིད་ཇུས་གསལ་ཤེས་པའི”སྒྲོག་འགྲེལ་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-12

    ཟླ་7ཚེས་4ཉིན། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས“སྨན་བཅོས་འགན་བཅོལ་སྲིད་ཇུས་གསལ་ཤེས་པའི”སྒྲོག་འགྲེལ་འགྲན་བསྡུར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཕུལ་བྱུང་སྒྲོག་འགྲེལ་པ་འདེམས་པ་དང་། ཆེད་ལས་ཅན་གྱི་གཞི་རིམ་གྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་རུ་ཁག་བཙུགས་ཏེ། སྨན་བཅོས་འགན་བཅོལ་གྱི་དམངས་ཕན་སྲིད་ཇུས་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ལ་ཤང་དང་གྲོང་རྡལ་ཁག་གི་སྨན་བཅོས་འགན་བཅོལ་ཆེད་བསྐོས་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་བདམས་ཐོན་པ་ཁྱོན་17ཞུགས་ཤིང་། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་དང་། སྲིད་གཞུང་། མང་ཚོགས་ཀྱི་འཐུས་མི་བཅས་ལས་དཔྱད་ཞིབ་ཚོགས་པ་གྲུབ་ཡོད། བདམས་ཐོན་པ་ཚོས་དངོས་ཡོད་གྱོད་དཔེར་འགྲེལ་བཤད་རྒྱག་པ་དང་གོ་བདེ་ཤེས་སླའི་སྐད་ཆ་ཤོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། སྨན་བཅོས་འགན་བཅོལ་སྲིད་ཇུས་གསོན་ཉམས་དོད་པོས་སྒྲོག་འགྲེལ་བྱས་ཏེ། སྲིད་ཇུས་ལས་མང་ཚོགས་ལ་ཕན་པ་ཐོབ་ལུགས་མངོན་པར་བྱས་ཡོད། འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། སྲིད་ཇུས་ཤེས་བྱ་བྱང་ཆུབ་པ་དང་སྐད་ཆ་ཤོད་མཁས་པའི་བདམས་ཐོན་པ་6ལ་བྱ་དགའ་ཐོབ་པ་དང་འབྲེལ། “སྨན་བཅོས་འགན་བཅོལ་སྲིད་ཇུས་གསལ་ཤེས་པའི”དྲིལ་བསྒྲགས་ཕོ་ཉར་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།