ལན་ཀྲོའུ་ཡི་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་སོ་གཅིག་པར།
བོད་ལྗོངས་ཀྱི་ཁེ་ལས་17གྱིས་ས་མཐོའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱས་པ།
ཟླ་7ཚེས་6ནས་10ཉིན་བར། ཀན་སུའུ་རྒྱལ་སྤྱིའི་འགྲེམས་ཚོང་ལྟེ་གནས་སུ་ཀྲུང་གོའི་ལན་ཀྲོའུ་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོཌ་འདུ(“ལན་ཀྲོའུ་ཡི་ངོ་འཕྲད་གྲོས་མོལ”ཞེས་བསྡུ་རྒྱུ)འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས“སྤུས་རྟགས་སྐྱེད་སྲིང་དང་། བྲིན་ཚོང་ལ་སྐུལ་འདེད། ཚོང་དོན་ལ་སྐུལ་འདེད། སྤེལ་རེས་ལ་སྐུལ་འདེད། མཉམ་ལས་ལ་སྐུལ་འདེད”བཅས་ཀྱི་དམིགས་ཚད་ལ་བརྟེན་ནས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཁེ་ལས་17འགྲེམས་ཚོགས་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཏེ། ས་མཐོའི་ཁྱད་ལྡན་ཐོན་རྫས་རྩེ་གྲ་100ཙམ་འགྲེམས་ཚོང་བྱས་ཤིང་། དེའི་གྲས་སུ་ནས་ཀྱི་ཐོན་རྫས་སྣ་ཚོགས་དང་། འབྲིའི་འོ་མ། ཚགས་ཤ རི་སྐྱེས་དབྱར་རྩྭ་དགུན་འབུ། ཁ་ཆེ་ཤ་སྐམ། སྤོས་སོགས་ཡོད།
འཛད་སྤྱོད་པས་བོད་ལྗོངས་འགྲེམས་ཁང་གི་གཏིང་ཟབ་པའི་མི་ཆོས་རིག་གནས་དང་ཐུན་མོང་མ་ཡིན་པའི་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱས་ནས་དབྱར་རྩྭ་དགུན་འབུ་དང་སྦྱར་སྨན་ཉོ་མཁན་དང་། ཉིང་ཁྲིའི་ཤ་མོའི་བྲོ་བ་ལྟ་མཁན་ཧ་ཅང་མང་པོ་ཡོད་པ་རེད།
ཤེས་རྟོཌ་བྱུང་བར་གཞིཌ་ན། དུས་ཡུན་ཉིན་5ཡི་འགྲེམས་ཚོང་རིང་། ས་གནས་ས་ཐོག་ཏུ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཚད་སྒོར་ཁྲི་21ཟིན་པ་དང་། ཉོ་སྒྲུབ་མངཌ་ཐོ་17བཞག་པ། མངཌ་ཐོའི་དངུལ་འབོར་སྒོར་ཁྲི་80ཙམ་ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།