དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-12

    ཟླ་7ཚེས་9ཉིན། བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། དེ་ཐོག་ནས་ས་མཐོར་རྩ་བ་ཚུགས་ནས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་མཐོ་རིམ་སློབ་གྲྭ་དེས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་འགོ་ཚུགས་པ་མཚོན་གྱི་ཡོད།

    2025ལོའི་ཟླ་6ཚེས་19ཉིན། སློབ་གསོ་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག《དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་འཛུགས་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པའི་ནང“བོད་ལྗོངས་ཞིང་འབྲོག་སློབ་གླིང་དེ་བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོར་མིང་བསྒྱུར་བ”ཚུད་ཡོད། དེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཞིང་། དེ་ནི་ལྗོངས་ཡོངས་ཀྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་མངོན་འགྱུར་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི་གཞོན་པ་ཀྲང་ཤིང་ཐང་གིས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམིགས་པ་དང་ལྗོངས་ཡོངས་ཀྱི“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམ་པོར་དམིགས་ནས། སློབ་གསོ་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆེད་ལས་བཀོད་སྒྲིག་ལེགས་སུ་བཏང་སྟེ་མཐའ་མཚམས་སུ་གཞིས་ཚུགས་པའི་བྱང་ཚད་མཐོ་བའི་ཆུ་གློག་ཞིང་འབྲོག་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག རྒྱལ་ཁབ་ཕྱི་ནང་གི་ཆུ་ཚད་མཐོ་བའི་སློབ་ཆེན་དང་། ཚན་ཞིབ་ཁང་དང་སུའོ། དེ་བཞིན་ཁེ་ལས་བཅས་དང་གཏིང་ཟབ་པའི་མཉམ་ལས་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། སྤུས་ལེགས་ཐོན་ཁུངས་གཅིག་སྡུད་ཀྱིས་ཚུགས་གནས་དེ་བས་མཐོ་བ་དང་། མཐོང་རྒྱ་དེ་བས་ཡངས་པ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ལ་བརྟེན་ནས་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་གྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།