སྐྲ་སུ་ལུ་བཟོ་བ་དང་སྐྲ་ཚོས་རྒྱག་མཁན་ཚོས་འདིར་ཡིན་གཅིག་གཟིགས་དང་།
ནམ་རྒྱུན་འཚོ་བའི་ཁྲོད་དུ་མི་མང་པོས་སྐྲ་སུ་ལུ་བཟོ་བ་དང་སྐྲ་ཚོས་རྒྱག་གི་ཡོད། མ་གཞི་འདི་འདྲ་བྱས་ན་བྱད་བཞིན་ལེགས་སུ་འགྲོ་གི་ཡོད་ཀྱང་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་བཟོ་གི་འདུག དེར་བརྟེན། ཡག་ཤོས་བྱུང་ན་རང་ཉིད་ཀྱི་བདེ་ཐང་ཆེད་དུ་སྐྲ་སུ་ལུ་བཟོ་བའམ་སྐྲ་ཚོས་རྒྱག་རྒྱུ་མི་འདུག
གཤམ་ལ་ང་ཚོ་མཉམ་དུ་སྐྲ་སུ་ལུ་བཟོ་བའམ་སྐྲ་ཚོས་བརྒྱབ་ན་གནོད་པ་གང་ཡོད་མེད་ལ་ཤེས་རྟོགས་ཤིག་གནང་དང་།
1. མགོའི་པགས་པར་གནོད་པ།
མི་ཁག་གཅིག་ལ་སྐྲ་ཚོས་བརྒྱབ་རྗེས་མགོའི་པགས་པ་དམར་པོ་ཆགས་པ་དང་ཟ་འཕྲུག་ལངས་པ་སོགས་བྱེད་ཀྱི་ཡོད་ལ། ཚབས་ལྕི་རིགས་ལ་མགོའི་པགས་པ་དང་གདོང་ཡང་སྐྲངས་པ་སོགས་བྱེད་ཀྱི་ཡོད།
2. སྐྲ་ལ་གནོད་པ།
སྐྲ་ཚོས་རྒྱག་བྱེད་དང་སྐྲ་སུ་ལུ་བཟོ་བྱེད་གཉིས་ཀ་རྫས་འགྱུར་གྱི་སྨན་ཆུ་ཡིན་པས། བེད་སྤྱོད་གཏོང་སྐབས་པགས་པར་གནོད་པ་མ་ཟད། སྐྲའི་བུ་གར་ཡང་གནོད་ཀྱི་ཡོད་པས་ཀོག་ཤི་ལངས་པའམ་སྐྲ་འབུད་པ། མགོའི་པགས་པ་དམར་པོ་ཆགས་པ། ཟ་འཕྲུག་ལངས་པ་སོགས་ཀྱི་སྣང་ཚུལ་ཐོན་སྲིད།
3. མཆིན་པར་གནོད་པ།
རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྐྲ་ཚོས་རྒྱག་བྱེད་མང་པོ་ཞིག་ལ་པུན(苯)སོགས་རྫས་འགྱུར་གྲུབ་ཆ་མང་པོ་འདུས་ཡོད་པར་བརྟེན་དུག་ཤེད་ལྡན་པའི་དབང་གིས་སྐྲ་ཚོས་ཡང་སེ་བརྒྱབ་པ་ཡིན་ན་གྲུབ་ཆ་འདི་དག་རིམ་གྱིས་མགོ་བོའི་པགས་པའི་ཕྱི་ངོས་ཀྱི་ཁྲག་རྩ་ནས་མིའི་ལུས་པོར་སིམ་འགྲོ་བ་དང་། དེ་རྗེས་མཆིན་པའི་ནང་དུ་བསགས་ནས། ལོ་མང་སོང་རྗེས་མཆིན་པར་གནོད་འཚེ་ཆེན་པོ་བཟོ་གི་ཡོད།
4. དུག་ཕོག་ཉེན་ཆེ་བ།
འབྲེལ་ཡོད་སྡེ་ཚན་གྱིས་སྐྲ་ཚོས་རྒྱག་བྱེད་སྣ་ཁ་བརྒྱ་ལྷག་ཙམ་ལ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། 90%ཙམ་གྱི་སྐྲ་ཚོས་རྒྱག་བྱེད་ནང་ཟེ་རྨང་པུན་ཨན(硝基苯)དང་པུན་ཨན(苯胺)སོགས་དུག་ལྡན་རྫས་འགྱུར་གྲུབ་ཆ་ཡོད་པ་ཤེས་རྟོགས་བྱུང་ཡོད།
གཞན་ཡང་། སྐྲ་ཚོས་མི་འཕྲོད་པ་དང་། པགས་ནད་ཡོད་མཁན། རྒན་འཁོགས་དང་གཟུགས་པོ་སྐྱོ་པོ་ཡོད་མཁན། མཆིན་པ་དང་མཁལ་མ་ཡག་པོ་མེད་མཁན། སྦྲུམ་མ་དང་ཕྲུ་གུ་བཙས་མ་ཐག་པའི་བུད་མེད། ཁྱིམ་རྒྱུད་ལ་འབྲས་སྐྲན་ནད་ཡོད་མཁན་བཅས་ཀྱིས་ཡག་ཤོས་བྱུང་ན་སྐྲ་ཚོས་གཏན་ནས་རྒྱག་རྒྱུ་མི་འདུག