དབུ་ཤོག
  • ཆུ་གྲང་མོར་ནུས་པ་མང་པོ་འདི་འདྲ་འདུག ཁྱེད་ཀྱིས་མཁྱེན་གྱི་ཡོད་དམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-07-11

    སྣ་ཁྲག་དོན་པའི་སྐབས་སུ་ཆུ་གྲང་མོར་སྦངས་པའི་ཨ་ཅོར་ཐོད་པར་སྦྱར་ན་སྣ་ཁྲག་འགོག་ཐུབ།

    མིག་མི་བདེ་བའི་སྐབས་སུ་ཆུ་གྲང་མོར་སྦངས་པའི་ཨ་ཅོར་མིག་ལ་སྦྱར་ན། མིག་གསལ་དུ་འགྲོ་བ་མ་ཟད། མིག་ནད་ཀྱང་སྔོན་འགོག་བྱེད་ཐུབ། 

    ཚིགས་འཁྲོག་པའི་སྐབས་སུ་ལམ་སེང་ཆུ་གྲང་མོར་སྦོང་བའམ་ཡང་ན་ཨ་ཅོར་རློན་པ་སྦྱར་ན་སྐྲངས་སྦོས་འཇོམས་ཐུབ།

    ཆམ་པ་ཡང་སེ་བརྒྱབ་ཚེ་ཉིན་ལྟར་ཆུ་གྲང་མོས་གདོང་བཀྲུས་པའམ་ཡང་ན་གཟུགས་པོ་བཀྲུས་པ་ཡིན་ན། ཆམ་ནད་སྔོན་འགོག་བྱེད་ཐུབ།

    སོ་ན་བའི་སྐབས་སུ་ཆུ་གྲང་མོས་ཁ་ཆུ་བཤལ་ཡང་ཡང་བཏང་ཚེ་ན་ཟུག་ཇེ་ཆུང་དུ་འགྲོ་ཐུབ།

    ཆུ་འཁོལ་མའམ་ཡང་ན་སྣུམ་ཚ་པོས་རྐང་པ་སོགས་འཚིགས་ན་ལམ་སེང་ཆུ་གྲང་མོར་སྐར་མ་15ནས་20བར་སྦངས་ཚེ་ན་ཟུག་འཇོམས་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།