དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གོང་གྲོང་གྲོང་ཚོས་སྤྱོད་གཙང་ཉེན་བརྡའི་སློབ་གསོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-11

    གཞི་རིམ་ཏང་ཡོན་ལས་བྱེད་པའི་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་བརྟན་དུ་གཏོང་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གོང་གྲོང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གསུམ”གྱི་ཚན་ཁག་གི་ཁོངས་མི་དང་གྲོང་ཚོའི་ཏང་ཡོན་འཐུས་མི་སྒྲིག་འཛུགས་བྱས་ནས་བྲག་ཡིབ་ཆུས་ཞིབ་དཔྱོད་ཁང་གི“ཉེ་འཁོར་གྱི་དོན་དག་གིས་ཉེ་འཁོར་གྱི་མིར་སློབ་གསོ་གཏོང་བའི”ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་ཁང་དུ་བསྐྱོད་དེ། “ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལ་གོ་བ་གཏིང་ཟབ་བླངས་ནས་སྤྱོད་གཙང་གི་སྟེམ་སྒོ་དམ་དུ་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་མི་སྣ་ཡོངས་ཉེན་བརྡའི་སློབ་གསོའི་འགྲེམས་ཁང་དུ་བསྐྱོད་དེ་འགྲེལ་བཤད་པའི་སྣེ་ཁྲིད་འོག་གསོན་ཉམས་དོད་པའི་དཔེ་མཚོན་དང་། ཧང་སངས་པའི་པར་རིས། བསམ་གཞིགས་བྱེད་དགོས་པའི་འགྱོད་བཤགས་བཅས་བརྒྱུད་སྒྲིག་འགལ་ཁྲིམས་འགལ་མི་སྣ་ཕུགས་བསམ་དང་དད་སེམས་ཤོར་བ་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ་ལས་ངན་རུལ་མུན་ནག་ཏུ་ལྷུང་བའི་བརྒྱུད་རིམ་ལ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།

    ཚང་མས་ད་ཐེངས་ཀྱི་ཉེན་བརྡའི་སློབ་གསོ་ལས་བསླབ་བྱ་མང་པོ་ཐོབ་བྱུང་བས་གྱོད་གཞི་དཔྱད་གཞིར་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་སྤྱོད་གཙང་རང་གཅུན་བྱས་ནས་སླད་ཕྱིན་གྱི་ལས་ཀ་དང་འཚོ་བའི་ཁྲོད་སྒྲིག་ཁྲིམས་ཀྱི་དམར་ཐིག་དམ་པོར་སྲུང་བ་དང་གུང་ཁྲན་ཏང་ཡོན་གྱི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་སྲུང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།:
མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།