དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲའོ་ལེ་ཅི་ཡིས་མཚོ་སྔོན་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་ནས་ཁྲིམས་གཏན་འཁེལ་བའི་དབང་ཚད་དང་ལས་རིམ་ལྟར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་པོས་ཡག་པོ་སྒྲུབ་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-11

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་6ནས་ཚེས་8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཚོ་སྔོན་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་སྤུས་ཚད་མཐོ་པོས་ཡག་པོ་བསྒྲུབས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བར་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲའོ་ལེ་ཅི་སྔ་རྗེས་སུ་ཟི་ལིང་དང་མཚོ་ཤར་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ཁང་དང་། ཁེ་ལས། གྲོང་གསེབ་སོགས་སུ་ཕེབས་ནས་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མང་ཚོགས་ཚོ་དང་སྤེལ་རེས་གནང་བ་དང་སྦྲགས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་སུ་བརྟག་ཞིབ་གནང་ནས་ལས་ཁུངས་ཀྱི་ལས་བྱེད་པར་གཟིགས་ནས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲའོ་ལེ་ཅིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་ཁྱོན་ཡོངས་ནས་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། མཚོ་སྔོན་གྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་རིམ་མཚུངས་ཏང་ཨུད་ཀྱི་འགོ་ཁྲིད་འོག མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི“རྒྱལ་ཁབ་ཀྱི་དོན་ཆེན”འདི་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་འདིར་དམིགས་ནས། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་གཙང་གསུམ་ཆུ་འགོའི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱེད་དགོས།

    ཀྲའོ་ལེ་ཅིས་བསྟན་དོན། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རང་རྟོགས་ངང་ལག་ལེན་བསྟར་བ། མཐའ་དག་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་མཐའ་དག་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཉན་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དམངས་འདོད་ཀྱི་རྨང་གཞི་ཡོད་པའི་ཐོག་སྤེལ་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི་འཐུས་མིའི་བཅའ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་བསྟར་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཐུས་མི་ཚོས་ཁྲིམས་ལྟར་བརྒྱུད་རིམ་ལྡན་པའི་སྒོ་ནས་འགན་འཁྲི་ཚད་ལྡན་བསྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚང་མས་མི་དམངས་ཁྲོད་རྩ་བ་ཚུགས་པ་དང་མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱེད་དགོས། འདི་ནི་མི་དམངས་འཐུས་ཚོགས་ལས་དོན་གྱི་གསོན་ཤུགས་ཀྱི་འབྱུང་ཁུངས་དང་འཐུས་མིས་འགན་འཁྲི་སྒྲུབ་པའི་རྨང་གཞི་ལྟ་བུ་ཡིན།

    ཀྲའོ་ལེ་ཅིས་བསྟན་དོན། ཁྲིམས་གཏན་འཁེལ་བའི་དབང་ཚད་དང་ཁྲིམས་གཏན་འཁེལ་བའི་ལས་རིམ་གཞིར་བཟུང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་སྒྲུབ་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་འགག་སྒོ་ཡག་པོ་སྲུང་དགོས། ས་གནས་ཀྱི་ཁྲིམས་འཛུགས་ཁྲོད་འགལ་བ་མེད་པ་དང་། ཁྱད་ཆོས་ལྡན་པ། ལག་བསྟར་ཆོག་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཐོག་ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་ཅི་ཐུབ་བྱས་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ལྟ་སྐུལ་ཡང་དག་པ་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་མཐའ་འཁྱོངས་བྱས་ནས་ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བར་ཤུགས་རྒྱག་རྒྱུ་དེ་ཡིན། གསར་དུ་བཟོ་བཅོས་བརྒྱབ་པའི་ལྟ་སྐུལ་བཅའ་ཁྲིམས་ལག་ལེན་བསྟར་བ་དང་ཁྲིམས་གཏན་འཁེལ་བའི་ལྟ་སྐུལ་རྣམ་པ་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གནད་དོན་ཐག་གཅོད་དང་། ལས་དོན་ལེགས་གཏོང་། ལམ་ལུགས་འཐུས་ཚང་བཅས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

    ཀྲའོ་ལེ་ཅིས་ནན་བཤད་གནང་དོན། “ལས་ཁུངས་བཞིའི”ངེས་གནས་བླང་བྱ་ལྟར་མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཐོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། སྲོལ་བཟང་སྤྱོད་བཟང་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཏེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།