དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་3བཏང་ནས་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུར་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-11

    ཉེ་ཆར། དམངས་སྲིད་པུས་2025ལོའི་དུས་ཚིགས་གསུམ་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རྒན་གསོའི་ཞབས་ཞུ་སོགས་ཐད་ཀྱི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་རྒྱལ་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དུད་ཚང་ཁྲི་208ཀྱི་རྒན་འཕྲོད་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱས་པ་དང་སྦྲགས། རྒན་རྒོན་དུད་ཚང་ཁྲི་84ལ་ཁྱིམ་སྡོད་རྒན་འཕྲོད་ཐོན་རྫས་ཉོ་རྒྱུའི་ཁ་གསབ་སྤྲད་པ་རེད། རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་ཁྲིད་སྟོན་མ་དངུལ་སྒོར་དུང་ཕྱུར་3བཏང་ནས་བཟའ་བཏུང་ཞབས་ཞུར་རྒྱབ་སྐྱོར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དབུ་དཀར་འཛད་སྤྱོད་ཀྱི་གཏིང་ཤུགས་སྔར་བས་འཕེལ་བར་བྱས་ནས་དབུ་དཀར་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་ཆེད། དམངས་སྲིད་པུའུ་དང་ཚོང་དོན་པུས་ཟླ་བ་བདུན་པ་ནས་བཅུ་གཉིས་པའི་བར་རྒྱལ་ཡོངས་ཀྱི“རྒན་གསོའི་ཞབས་ཞུའི་འཛད་སྤྱོད་དུས་ཚིགས”བྱེད་སྒོ་སྤེལ་ནས། རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་ཀྱིས་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག རྒན་གསོའི་བྱ་གཞག་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཡང་གཏོང་རྒྱུ་ཡིན་པ་རེད།

    དམངས་སྲིད་པུས་ཉེ་ཆར《རྒན་གསོའི་སྒྲིག་གཞིའི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་སྔོན་ཇུས》བཀྲམ་པའི་ནང་། རྒན་གསོའི་སྒྲིག་གཞིའི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྤྱིའི་བླང་བྱ་དང་། དོན་རྐྱེན་རིགས་དབྱེ་རིམ་དབྱེ། འཕྲལ་སྡོམ་དོ་དམ་མ་ལག ཐག་གཅོད་རོགས་སྐྱོབ། མཇུག་བསྡུ་ཐག་གཅོད་དང་བརྟག་དཔྱད་དཔྱད་དཔོག འཕྲལ་སྡོམ་འགན་ལེན། དྲིལ་བསྒྲགས་སློབ་གསོ། གསོ་སྦྱོང་ནང་སྦྱོང་སོགས་དོན་ཚན་ཁ་གསལ་བཟོས་ཡོད་པ་སྟེ། ཆུ་ལོག་གནས་ཚུལ་ཐོན་ཚེ། དམངས་སྲིད་པུས་ས་གནས་ཁག་གི་དམངས་སྲིད་སྡེ་ཚན་ལ་ལས་རེས་ལས་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་སྲིད་པའི་གནོད་འཚེར་ཚད་མཐོའི་དོགས་ཟོན་གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དུས་ཐོག་ཏུ་གནས་ཚུལ་སྙན་སེང་ཞུ་བ་དང་། འཕྲལ་སྡོམ་སྔོན་ཇུས་མྱུར་དུ་ལག་ལེན་བསྟར་བ། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། དཀའ་གནས་སུ་གྱར་པའི་རྒན་རྒོན་སྔོན་ལ་སྤོ་སྒྱུར་དང་བཀོད་སྒྲིག་འོས་འཚམ་བཅས་བྱེད་པ་དང་། ལྷག་པར་དུ་གཞིས་སྲུང་རྒན་རྒོན་དང་ཁེར་སྡོད་རྒན་རྒོན་ལ་ཞབས་ཞུའི་འགན་སྲུང་ཡག་པོ་བྱས་ནས། མི་རྒྱུའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་པའི་མཛུབ་ཁྲིད་བྱ་རྒྱུ་ཡིན་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།