སྤྲོ་སྣང་ལྡན་པའི་དབྱར་གསེང་།
འདི་ནི་ཁྱིམ་བདག་གིས་ཕྲུ་གུ་ཁྲིད་དེ་སི་ཁྲོན་ཚན་རྩལ་ཁང་དུ་ཚན་རིག་ཁྱབ་གདལ་སྒྲིག་ཆས་མྱོང་རོལ་བྱེད་བཞིན་པ།
འདི་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་ཏུང་ཧྲེང་ལམ་སློབ་ཆུང་གི་སློབ་མས་ཆིང་ཏའོ་ཡི་མཚོ་གཏིང་འཇིག་རྟེན་དུ་ལྟ་སྐོར་བྱེད་བཞིན་པ།
དབྱར་གསེང་དུས་སུ་སླེབས་པས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོ་བྱེད་སྒོ་རྣམ་པ་སྣ་ཚོགས་ལ་ཞུགས་ནས་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་ཡོད་པ་རེད།
དབྱར་གསེང་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་ནམ་དུས་དང་འཁེལ་བས། ས་གནས་ཁག་གིས་དབྱར་གསེང་ཚ་གཡོལ་དང་། མཚོ་འགྲམ་སྤྲོ་གསེང་། ཟློས་གར་ལྟ་འཁྲབ་མྱོང་གསུམ། ཚོང་འདུས་ལ་ལྟ་བ། བུ་ཁྲིད་ཡུལ་སྐོར། མཚན་མོའི་འཛད་སྤྱོད་སོགས་གུང་གསེང་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ལ་དམིགས་ཏེ། ནམ་དུས་དང་མཐུན་པའི་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་དང་བྱེད་སྒོ་ཕུན་སུམ་ཚོགས་པོ་བཏོན་ཡོད་པ་རེད།