ཞིང་ལས་གྲོང་གསེབ་པུས་ཉིན་བརྒྱའི་འབད་འཐབ་བྱ་སྤྱོད་སྤེལ་ནས།
དབྱར་དུས་ཞིང་ནང་གཡོག་བྱེད་ལས་དོན་ལ་དམ་འཛིན་གྱིས་མུའུ་རེའི་ཐོན་འབབ་མཐོ་རུ་བཏང་བ།
མིག་སྔར། རྒྱལ་ཡོངས་བྲུག་དུས་གཙོ་བོའི་དུས་སུ་སླེབས་ཡོད་པས། འདི་ནི་ཞིང་ལས་གནོད་འཚེ་ཐོན་མང་བའི་དུས་ཚོད་ཡིན་ལ། སྟོན་འབྲུའི་ཐོན་འབབ་དང་འབྲེལ་བའི་འགག་རྩའི་དུས་སྐབས་ཀྱང་ཡིན། གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པ་ལྟར་ན། ཟླ་བ་བདུན་པ་ནས་དགུ་པའི་བར། རང་རྒྱལ་གྱི་ཆར་ཆུ་འབབ་ཚད་ནི“བྱང་རྒྱུད་དུ་མང་བ་དང་ལྷོ་རྒྱུད་དུ་ཉུང་བས”ས་ཁོངས་རང་བཞིན་དང་དུས་མཚམས་རང་བཞིན་གྱི་ཐན་ཞོད་གནོད་འཚེ་མངོན་གསལ་དོད་པོ་ཡོད་པ་རེད། ཉེ་ཆར་གསར་འགོད་པར་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར། ཐོན་ཁུལ་གཙོ་བོའི་ཞིང་སའི་བཞའ་ཚན་ཚད་རན་པོ་དང་སྟོན་འབྲུའི་ལོ་ཏོག་གི་ལྗང་བུ་སྐྱེ་ཚུལ་སྤྱིའི་ཆ་ནས་ཡག་པོ་ཡོད་ཀྱང་། ས་ཆ་ཁག་གཅིག་ལ་དུས་འགོའི་དུས་རིམ་རང་བཞིན་གྱི་དྲོད་ཚད་དམའ་བ་དང་ཐན་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས། ཞིང་ས་ཁག་གཅིག་ལ་སོན་འདེབས་ནར་འགྱངས་བྱས་པ་དང་ལྗང་བུ་སྐྱེ་ཚུལ་ཅུང་ཞན་པས། སྟོན་འབྲུ་ལོ་ལེགས་ཡོང་མིན་ཐད་ད་དུང་ཉེན་ཁ་དང་འགྲན་སློང་ཡོད་པ་རེད།
ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཀྱི་འགག་རྩ་དང་ཐོན་འབབ་མང་ཆེ་བ་སྟོན་འབྲུར་ཐུག་ཡོད་པས། ཞིང་ལས་གྲོང་གསེབ་པུས་ཉིན་བརྒྱ་འབད་འཐབ་བྱས་ཏེ་དབྱར་དུས་ཞིང་ནང་གཡོག་བྱེད་ལས་དོན་ལ་དམ་འཛིན་གྱིས་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་གནོད་འགོག་སྟོན་བསྡུའི་ལོ་ལེགས་བྱ་སྤྱོད་ལག་བསྟར་བྱེད་འགོ་ཚུགས་ནས། འབྲེལ་ཡོད་སི་དང་ཅུས་མུ་མཐུད་སྒྲིག་འཛུགས་བྱས་ཏེ་རྒྱུན་གཏན་འབྲེལ་གཏུག་དང་འགན་འཁྲི་གཙང་ལེན་བྱས་པ་མ་ཟད། ད་དུང་གཙོ་གནད་ལོ་ཏོག་དང་། གཙོ་གནད་ས་ཁོངས། གཙོ་གནད་ལྷུ་ཚིགས་བཅས་ལ་དམིགས་པ་དང་། འགག་རྩའི་ཞིང་དུས་དང་། འགག་རྩའི་ལག་རྩལ། འགག་རྩལ་གཙོ་རྒྱུ་བཅས་ལ་གཞིགས་ནས། དུས་ཐོག་ཏུ་འཐབ་ས་དང་པོར་བསྐྱོད་དེ་ས་གནས་ཁག་ལ་ཞིང་ནང་གཡོག་བྱེད་ལས་དོན་ལ་དམ་འཛིན་གྱིས་ལྗང་བུ་སྐྱེས་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། “ལོ་ཏོག་མྱུར་སྡུད་མྱུར་འདེབས”ལས་དོན་ལ་དམ་འཛིན་གྱིས་ཞིང་འདེབས་རྒྱ་ཁྱོན་དོན་འཁྱོལ་བྱེད་པ། བྱ་ཐབས་དམ་འཛིན་གྱིས་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བ། གནོད་འཚེ་སྔོན་འགོག་ལས་དོན་ལ་དམ་འཛིན་གྱིས་ནད་འབུའི་གནོད་སྐྱོན་ཚོད་འཛིན་བྱེད་པ་བཅས་ལ་མཛུབ་ཁྲིད་བྱས་ཏེ། སྟོན་འབྲུ་ལོ་ལེགས་ཡོང་བའི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་པོ་བཏིང་ནས། འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.4ཡས་མས་ཟིན་རྒྱུའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད།