འཛམ་གླིང་མྱུར་བགྲོད་ལྕགས་ལམ་ཚོགས་ཆེན་སྐབས་བཅུ་གཉིས་པ་འཚོགས་པ།
འདི་ནི་ཟླ་7ཚེས་8ཉིན་རྒྱལ་སྤྱིའི་ལྕགས་ལམ་མནའ་འབྲེལ་གྱི་ཀྲུའུ་ཞི་ཨ་ལན·པེ་ལུའོ་ཝུའུ་ཏེས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་བཞིན་པ།
ཟླ་7ཚེས་8ཉིན་འཛམ་གླིང་མྱུར་བགྲོད་ལྕགས་ལམ་ཚོགས་ཆེན་སྐབས་བཅུ་གཉིས་པ་པེ་ཅིང་དུ་འཚོགས་པ་དང་། སྐབས་འདིའི་ཚོགས་ཆེན་གྱིས“མྱུར་བགྲོད་ལྕགས་ལམ། གསར་གཏོད་འཕེལ་རྒྱས་ལ་བརྟེན་ནས་འཚོ་བ་སྔར་བས་མཛེས་སྡུག་ལྡན་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་དང་རྒྱལ་སྤྱིའི་ལྕགས་ལམ་མནའ་འབྲེལ་གྱིས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ལྕགས་ལམ་ལག་རྩལ་མི་སྣ་དང་། ཁེ་ལས་ཀྱི་འགན་འཁུར་བ། སྲིད་གཞུང་གི་དཔོན་རིགས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་མི་2000ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།