ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱིས་གྲོང་ཁྱེར་གྱི་མཉམ་ལས་སྤེལ་རེས་ཀྱི་གོ་སྐབས་གསར་པར་མཉམ་དུ་གྲོས་མོལ་བྱས་པ།
ཚེས་8ཉིན། “འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབུ་ཚོགས་གྲོང་ཁྱེར”གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཐེན་ཅིན་དུ་གཉེར་ཞིང་། རྒྱལ་ཁབ་མི་འདྲ་བ་ནས་ཡོང་བའི་གྲོང་ཁྱེར་གྱི་ཧྲི་ཀྲང་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ། ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་སོགས་ཐེན་ཅིན་དུ་འཛོམས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱིས་མིག་སྔའི་རྒྱབ་ལྗོངས་འོག་ཇི་ལྟར་བྱས་ནས་ཐུན་མོང་ངོས་འཛིན་རྒྱ་ཆེར་གཏོང་བ་དང་ཕན་ཚུན་འབྲེལ་མཐུད་དང་། དཔལ་འབྱོར་ཚོང་དོན་མ་འཇོག ལྗང་མདོག་འཕེལ་རྒྱས། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་མཉམ་དུ་གྲོས་བསྡུར་བྱས་པ་རེད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཚུའེ་ལི་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཁྲོད་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ཤེས་དཔལ་གྱི་རྣམ་པ་དང་། མཉམ་འདུས་མཉམ་གསོག་གི་སྙིང་སྟོབས། ཉམས་མེད་ཀྱི་རིག་གནས་བཅས་ཀྱིས་གྲོང་ཁྱེར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྫོགས་མེད་ཀྱི་སྒུལ་ཤུགས་བཏོན་ཡོད་ཅེས་བརྗོད་པ་རེད།
ཁེར་གྷི་སི་ཐན་པི་སི་ཁེག་གི་ཧྲི་ཀྲང་ཨའེ་པེ་ཁེ·ཀྲུའུ་ནུའུ་ཧྲ་ལི་ཡེ་ཧྥུའུ་ཡིས་ཤིས་ཚིག་སྒྲོན་སྐབས་ད་ཐེངས་ཀྱི་བྱེད་སྒོར་མཚོན་བྱེད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་དང་གྲོང་ཁྱེར་དབར་སྒོ་དབྱེ་གཞུང་དྲང་དང་དགེ་མཚན་ལྡན་པའི་མཉམ་འགུལ་བྱ་རྒྱུའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བརྗོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་ཀྲུང་གོའི་ལག་ལེན་དང་ཉམས་མྱོང་སྐོར་ཚོགས་ཞུགས་སྐུ་མགྲོན་ཚོས་ཐེངས་མང་གླེང་ཡོད།