དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རབ་མཛེས་མཚོ་སྔོན་སྐོར་བའི་འགྲན་དུམ་གཉིས་པ་དང་གསུམ་པའི་ཨང་དང་པོ་ཝུ་ར་ཀུའེ་ཡི་ལུས་རྩལ་པར་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-11

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་བཞི་པའི་འགྲན་དུམ་གཉིས་པ་སྟེ་མདོ་པ་ནས་དགོན་ལུང་བར་གྱི་འགྲན་བསྡུར་བྱས་ཤིང་། སི་ཕེན་ཞིང་ལས་དངུལ་ཁང་རྐང་འཁོར་རུ་ཁག་ནས་ཡིན་པའི་ཝུ་ར་ཀུའེ་ཡི་རྐང་འཁོར་ལུས་རྩལ་པ་ཞིར་ཝ·ཁུའུ་སང·ཅི་ལེར་མཱོ་ལ་འགྲན་དུམ་དེའི་ཨང་དང་པོ་ཐོབ་པ་རེད།

    འགྲན་དུམ་གཉིས་པའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་151ཡོད་པར་གདོང་མཆོང་བྱེད་ས་གཉིས་བཀོད་སྒྲིག་བྱས་ཡོད། སྐབས་འདིའི་རབ་མཛེས་མཚོ་སྔོན་སྐོར་བའི་འགྲན་བསྡུར་གྱི་སྒྲོལ་དཀའི་འགྲན་ལམ་དང་པོ་སྟེ་ས་བབ་མཐོ་ཚད་སྨི་3371ཟིན་པའི་བྱང་རིའི་ལ་ཉག་གྱེན་གཟར་དང་པོ་འགྲན་དུམ་འདིར་ཡོད་པ་རེད།

    ཚེས་8ཉིན། རབ་མཛེས་མཚོ་སྔོན་སྐོར་བའི་འགྲན་བསྡུར་གྱི་འགྲན་དུམ་གསུམ་པ་ཆུ་ཚོད་5ལྷག་བྱས་པ་བརྒྱུད། ལི་ཉིང་ཀྲེ་ཤིང་རྐང་འཁོར་རུ་ཁག་ནས་ཡིན་པའི་ཞེར་པི·ཡཱ་ལི་ཧྲན་ཏཱ་ལ་ཨང་དང་པོ་ཐོབ་པ་དང་། དབྱི་ཐ་ལིའི་པོ་ཏི-འཚོལ་ཞིབ་མར་ཐཱ་རྐང་འཁོར་རུ་ཁག་ནས་ཡིན་པའི་རྐང་འཁོར་ལུས་རྩལ་པ་ཕེ་ནཱ་ཝེར·མན་ནུའུ་ཨེར་ལ་འགྲན་དུམ་དེའི་ཨང་གཉིས་པ་དང་། ཨོ་སི་ཁྲུ་ལི་ཡའི་རྣམ་རྒྱལ་པཱ་ཏི་རུའེ་རྐང་འཁོར་རུ་ཁག་གི་སི་ཁུའུ་ཐེ·ཁཱ་མེ་ལུན་ལ་འགྲན་དུམ་དེའི་ཨང་གསུམ་པ་ཐོབ་པ་རེད།

    འགྲན་དུམ་དེའི་འགྲན་བསྡུར་ལམ་ཐག་ལ་སྤྱི་ལེ་220ཡོད་པ་དང་ཁྱོན་རྐང་འཁོར་ལུས་རྩལ་པ་146ཞུགས་ཡོད། འགྲན་དུམ་དེ་འགྲན་དུམ་གཉིས་པ་དང་བསྡུར་ན་གྱེན་གཟར་པོ་ཉུང་དུ་ཕྱིན་ཡང་འགྲན་བསྡུར་གྱི་ལམ་ཐག་རིང་དུ་ཕྱིན་ཡོད། ཁྱོན་གྱེན་གཟར་3དང་ལམ་བར་གྱི་གདོང་མཆོང་བྱེད་ས་2བཀོད་སྒྲིག་བྱས་ཡོད། ཉིན་དེར་དྲོད་ཚད་དམའ་བའི་རྐྱེན་གྱིས་འགྲན་བསྡུར་གྱི་དཀའ་ཚད་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།