དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁུ་ཁུ་ཤི་རིའི་སྐོར་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-11

    འདི་ནི་སྐོར་སྲུང་མི་སྣས་ཁུ་ཁུ་ཤི་རིའི་རྩོ་ནག་མཚོའི་ཉེ་འགྲམ་དུ་སྐོར་སྲུང་བྱེད་བཞིན་པ།

    འདི་ནི་སྐོར་སྲུང་མི་སྣས་ཁུ་ཁུ་ཤི་རིའི་རྩོ་ནག་མཚོ་ནས་བསྐྱབས་པའི་གཙོད་ཕྲུག་ལ་འོ་མ་ལྡུད་བཞིན་པ།

    གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ལོ་རེའི་ཟླ་5ནས་ཟླ་7པའི་བར་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་། བོད་བྱང་ཐང་། ཤིན་ཅང་ཨར་ཅིན་རི་བོ་མི་མེད་ཁུལ་བཅས་ཀྱི་གཙོད་མོ་ཁུ་ཁུ་ཤི་རིའི་དབུས་ཀྱི་རྩོ་ནག་མཚོར་གཙོད་ཕྲུག་བཙའ་བར་ཡོང་གི་ཡོད། གཙོད་ཕྲུག་བཙས་རྗེས་གཙོད་མོས་གཙོད་ཕྲུག་ཁྲིད་དེ་འཚོ་སྡོད་བྱེད་སར་ལོག་གི་ཡོད། དག་ཞིང་དེ་དང་དེ་གར་འཚོ་གནས་བྱེད་པའི་སྲོག་ཆགས་ཐམས་ཅད་ལ་སྲུང་སྐྱོང་བྱ་ཆེད། ཁུ་ཁུ་ཤི་རི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཚུན། སྔ་རྗེས་སུ་སྲུང་སྐྱོང་ས་ཚིགས་6བཙུགས་ཡོད། ལས་དོན་མི་སྣས་རེས་མོས་ངང་ས་ཚིགས་སུ་སྡོད་བྱ་བྱེད་པ་ཕུད། ད་དུང་དུས་ངེས་མེད་དུ་སྐོར་སྲུང་ཡང་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།