དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་པོ་ལི་ཝེ་ཡའི་ཙུང་ཐུང་ཨར་སའེ་ཡིས་ཀྲུང་གོ་དང་པོ་ལི་ཝེ་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པོ་ལི་ཝེ་ཡའི་ཙུང་ཐུང་ཨར་སའེ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་པོ་ལི་ཝེ་ཡ་ནི་གྲོགས་པོ་ཡག་པོ་དང་སྤུན་ཟླ་ཡག་པོ་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་40ཡི་རིང་། ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་པར་བརྟེན་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་མི་དམངས་ཀྱི་མཛའ་གྲོགས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ན་ནིང་ཟླ་11པར། ང་དང་ཙུང་ཐུང་ཁྱེད་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ལི་གཡོད་རེ་ནེ་ལུའི་དབུ་ཚོགས་རིང་ཕན་འབྲས་ཆེ་བའི་ཞལ་འཛོམས་བྱས་ནས་ཀྲུང་གོ་དང་པོ་ལི་ཝེ་ཡ་དབར་གྱི་འབྲེལ་བའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ངས་ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྐུ་ཞབས་ཙུང་ཐུང་དང་ལྷན་དུ་འབད་བརྩོན་བྱས་ཏེ་སྲོལ་རྒྱུན་མཛའ་གྲོགས་རྒྱུན་ཆད་མེད་པར་རྒྱུན་འཛིན་བྱེད་པ་དང་ཀྲུང་གོ་དང་པོ་ལི་ཝེ་ཡའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད།

    ཨར་སའེ་ཡིས་གསུངས་དོན། ལོ་ངོ་40ཡི་རིང་། པོ་ལི་ཝེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་མཛའ་གྲོགས་མཉམ་ལས་ཀྱི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོ་བཙུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་། ལག་རྩལ། ནུས་རྒྱུ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཐད་རྒྱབ་སྐྱོར་དང་རོགས་རམ་གནང་བར་པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱ་རྒྱུ་ཡིན་ལ། ཀྲུང་གོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་མཐུན་སྒྲིལ་དང་། ལ་ཏིང་མེ་གླིང་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། དེ་བས་དྲང་གཞག་དང་། འདྲ་མཉམ། བསྟུན་མཁས་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པའི་ཐད་འགོ་ཁྲིད་ཀྱི་ནུས་པ་བཏོན་པ་བཅས་ལ་བསྔགས་བརྗོད་བྱ་རྒྱུ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྤུན་ཟླའི་མཛའ་གྲོགས་མུ་མཐུད་ཟབ་ཏུ་གཏོང་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།