དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་པེ་ཅིང་དུ་འཚོག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཟླ་7ཚེས་10ཉིན་དང་ཚེས་11ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“མིའི་རིགས་ཀྱི་ཤེས་དཔལ་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ཞིང་། མིག་སྔར་རྒྱལ་ཁབ་དང་ས་ཁུལ་140ཙམ་གྱི་སྐུ་མགྲོན་600ལྷག་ཙམ་ཚོགས་འདུར་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།