དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅི་པོའུ་ཐིར་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འགན་སྲུང་རྟེན་གཞིའི་ཡན་ལག་རུ་ཁག་ཁོ་མོ་རོར་རང་བཙན་ཐོབ་ནས་ལོ་ངོ་50འཁོར་བའི་དམག་གཟིགས་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-10

    ཚེས་6ཉིན། མོ་རོ་ནི་ནས་གནས་ཚུལ་སྤེལ་བར། ཁོ་མོ་རོ་སྲིད་གཞུང་གི་གདན་ཞུས་ལྟར་ཅི་པོའུ་ཐིར་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འགན་སྲུང་རྟེན་གཞིའི་ཡན་ལག་རུ་ཁག་ཁོ་མོ་རོར་རང་བཙན་ཐོབ་ནས་ལོ་ངོ་50འཁོར་བའི་དམག་གཟིགས་མཛད་སྒོར་ཞུགས་པ་རེད། དེ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཁོ་མོ་རོའི་དམག་གཟིགས་མཛད་སྒོར་ཞུགས་ཐེངས་དང་པོ་ཡིན་པ་རེད།

    དམག་གཟིགས་མཛད་སྒོ་དེ་ཁོ་མོ་རོའི་རྒྱལ་ས་མོ་རོ་ནིར་འཚོགས་པ་དང་དམག་གཟིགས་མཛད་སྒོ་དང་དམག་རིགས་རྣམ་འབྱེད་རུ་སྟར་གཉིས་སུ་ཕྱེ་ཡོད་པ་མ་ཟད། ད་དུང་སྲོལ་རྒྱུན་ཞབས་བྲོ་དང་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་བཀོད་སྒྲིག་ཀྱང་བྱས་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱི་དམག་གཟིགས་ལ་ཞུགས་མཁན་རུ་སྟར་གྲུ་བཞི་དམག་གཟིགས་ཐང་དུ་ཐོག་མར་འཛུལ་ཞིང་། ད་ཐེངས་ཀྱི་དམག་གཟིགས་མཛད་སྒོར་ཞུགས་མཁན་ཅི་པོའུ་ཐིར་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འགན་སྲུང་རྟེན་གཞིའི་ཡན་ལག་རུ་ཁག་ལ་ཁྱོན་མི་50ལྷག་ཙམ་ཡོད་པ་དང་རུ་མི་ཚོས《དམག་རིགས་རྣམ་འབྱེད་རུ་སྟར་གྱི་མདུན་སྐྱོད་གླུ་དབྱངས》ཀྱི་སྒྲ་དབྱངས་མཐོན་པོ་དང་བསྟུན་ནས་གོམ་སྟབས་གྲལ་འགྲིག་པོའི་སྒོ་ནས་དམག་གཟིགས་ཐང་དུ་བསྐྱོད་པ་དང་། ས་གནས་ས་ཐོག་གི་ལྟད་མོ་བས་གཅིག་རྗེས་གཉིས་མཐུད་ངང་ཡར་ལངས་ཏེ་དགའ་བསུ་གཟབ་རྒྱས་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།